ཐེངས་ཞིག་སྤྱང་ཀི་ལྟོགས་པ་ཞིག་ལམ་དུ་འགྲོ་སྐབས་ལུག་གི་ཁྱུ་ལས་ཆད་པའི་ལུ་གུ་ཆུང་ཆུང་ཞིག་ལམ་ཟུར་དུ་ཐུག་པ་རེད། ལུ་གུ་དེ་ཧ་ཅང་ཆུང་ཆུང་ཡོད་ཙང་སྤྱང་ཀིས་ལམ་སང་ཟ་མ་ཕོད་པར་ལུ་གུ་དེ་ལ་ཟ་དགོས་པའི་རྒྱུ་མཚན་ཞིག་བཤད་ནས་ཟ་དགོས་བསམས་པ་རེད། དེ་འདྲ་སོང་ཙང་སྤྱང་ཀི་དེས་བསམ་བློ་ཞིག་བཏང་རྗེས་ལུ་གུ་ཆུང་ཆུང་དེ་ལ། “ཝ་ཡེ་ལུ་གུ་ཆུང་ཆུང་ན་ནིང་ད་ཚོད་ཁྱེད་རང་གིས་ང་མི་ཚོགས་མང་པོའི་དཀྱིལ་ལ་ངོ་ཚ་བོ་ཞེ་འདྲ་བཟོས་སོང་།”ཟེར་ནས་ནག་ཉེས་བཙུགས་པ་རེད། ལུ་གུས་ “འོ་ཛི་སྤྱང་ཀི་ལགས་ཁྱེད་རང་དེ་འདྲ་གསུང་རྒྱུ་ཨེ་ཡོད་ན། ན་ནིང་ད་ཚོད་ང་རང་སྐྱེ་རྒྱུ་རེད་”ཅེས་ལབ། སྤྱང་ཀི་དེས་ལབ་ཡག་ཅང་མ་བྱུང་བར་བརྟེན་ “འོ་ཏག་ཏག་རེད་ཁྱེད་རང་གིས་ད་ལོ་ངའི་ཞིང་ཁའི་ནང་གི་རྩ་ཟ་སོང་།” ལབ། ལུ་གུ་ཆུང་ཆུང་གིས་ “འོ་ཛི་སྤྱང་ཀི་ལགས་དེ་འདྲ་རང་མ་གསུང་ང་ད་ལྟ་རྩ་གཞི་ནས་ཟ་རྒྱུ་ཡིན་”་ལབ། སྤྱང་ཀིས་ “ཨ་ལད་བྱས་ན་ཁྱེད་རང་གིས་ངའི་ཆུ་བཏུང་སོང་” ལབ། ཡང་ལུ་གུས་ “འོ་ཛི་སྤྱང་ཀི་ལགས་དེ་འདྲ་རྩ་བ་ཉིད་ནས་མ་གསུང་། ང་ད་ལྟར་བར་ཨ་མའི་འོ་མ་བཏུང་བ་ལས་ཆུ་རྩ་བ་ནས་འཐུང་རྒྱུ་མ་བྱུང་” ཅེས་ལབ་པས། སྤྱང་གི་དེས་རང་གི་ངོ་རིས་དངོས་སུ་བསྟན་ནས། “གང་ལྟར་ཡང། ་གང་ལྟར་ཡང་། ང་དེ་རིང་ལྟོགས་པ་སྡོད་ཀྱི་མིན་”ཅེས་ལབ་སྟེ་ལུ་གུ་ཆུང་ཆུང་དེ་བཟས་པ་རེད། དེ་འདྲ་སོང་ཙང་བཙན་པོ་དབང་ཡོད་ཅན་གྱི་མི་ལ་རྒྱུ་མཚན་བཤད་ས་ཡོད་མ་རེད་ཅེས་པ་དེ་སྒྲུང་འདིའི་ནང་དོན་རེད།སྐྱ་རེངས་རྩོམ་སྒྲིག་པས་བྲིས།
Author: སྤྱི་ཁྱབ་རྩོམ་སྒྲིག་པས།
(མཚར་གཏམ།) བྱ་དེ་དང་སྦྱིན་བདག་འདོད་རྔམས་ཅན།
ཐེངས་ཞིག་སྦྱིན་བདག་འདོད་རྔམས་ཞིག་གིས་བྱ་ཚང་ཞིག་གི་ནང་བྱ་དེ་མང་པོ་ཞིག་སྒོ་ངའི་ཆེད་དུ་གསོ་སྐྱོང་བྱེད་ཀྱི་ཡོད། བྱ་ཚང་དེའི་བྱ་དེ་ཚང་མས་ཉིན་མ་རེར་རེར་སྒོ་ང་རེ་རེ་བཏང་གི་ཡོད། ཡིན་ན་ཡང་འདིས་སྦྱིན་བདག་འདོད་རྔམས་ཅན་དེའི་འདོད་པ་རྩ་བ་ནས་བསྐོང་ཐུབ་ཀྱི་མེད། དེ་འདྲ་སོང་ཙང་ཉི་མ་ཞིག་སྦྱིན་བདག་འདོད་རྔམས་ཅན་དེ་ཁོང་ཁྲོ་ཟ་ཐག་ཆོད་དེ་བྱ་ཚང་ནང་ཧར་གྱིས་འཛུལ་ཡོང་ནས། “བྱ་དེ་ཚང་མ་ཉོན་ཅིག སང་ཉིན་ནས་བཟུང་བྱ་དེ་ཚང་མས་ཉི་མ་རེ་ལ་སྒོ་ང་གཉིས་གཉིས་གཏོང་དགོས་ཀྱི་ཡོད། གལ་སྲིད་སུས་སྒོ་ང་གཅིག་མ་ཏོག་བཏང་མེད་པ་ཡིན་ན། དེ་ནས་ངས་དེ་ཟིན་ནས་བྱ་ཤའི་ཐུག་པ་སྐོལ་གྱི་ཡིན་”ཅེས་ལབ་པ་རེད། དེ་ནས་སང་ཉིན་ཞོགས་པ་སྦྱིན་བདག་འདོད་རྔམས་ཅན་དེ་སྔ་པོ་ནས་ཡར་ལངས་སྟེ་བྱ་ཚང་ནང་ལྟ་བར་འགྲོ་སྐབས། བྱ་དེ་ཚང་མས་སྒོ་ང་གཉིས་གཉིས་བཏང་ནས་བསྡད་ཡོད། ཡིན་ན་ཡང་བྱ་དེ་གཅིག་གིས་སྒོ་ང་གཅིག་མ་གཏོགས་བཏང་མེད་པ་རེད། སྦྱིན་བདག་འདོད་རྔམས་ཅན་དེ་ཁོང་ཁྲོ་ཟ་ཐག་ཆོད་དེ་བྱ་དེ་གཅིག་པུ་དེ་ལ་མིག་ཆེན་པོ་ཞིག་བལྟས་ཏེ། “ད་ཁྱེད་རང་ག་རེ་བྱེད་ཀ། བོད་ཐུག་བཟོ་ཀ ཡང་ན་རྒྱ་ཐུག་བཟོ་ཀ་”ཞེས་དྲིས་པར། བྱ་དེ་དེས་ཀྱང་་སྦྱིན་བདག་དེ་ལ་ཡར་མིག་ཆེན་པོ་ཞིག་བལྟས་ནས་ཡར་བརྗོད་དོན། “ཁྱེད་རང་གིས་ཁ་སང་ཞེ་སྣང་ཞེ་དྲག་བསྐུལ་ཙང་། མདང་དགོང་ངས་དཀའ་ལས་ཤུགས་ཆེན་རྒྱབ་ནས་དེ་རངས་སྔ་དྲོ་སྒོ་ང་གཅིག་བཏང་ཐུབ་ཙམ་བྱུང་། མ་གཞི་བྱས་ན་ང་རང་བྱ་ཕོ་ཡིན།”ཅེས་བརྗོད་པ་རེད།།
ཝོ་ཌེ་ནང་བོད་ཡིག་སྤྱོད་དུས་གལ་གནས་ཆེ་བའི་གནས་དོན་གཉིས། Tibetan in microsoft Words 2016 Ms ཀུ་ཤུ་རྟགས་ཅན། Apple or Mac
Tibetan, Ms, Words,
Microsoft Words, ཝོ་ཌེ་ནང་བོད་ཡིག་ལེགས་པར་སྤྱོད་ཐབས།
ཏོག་དབྱིབས་ནད་རིགས་༡༩ སྐོར་གླེང་བ་དུས་ཐོག་ཆར་པ།
ར་ས་ཕོ་ཉ། ཏོག་དབྱིབས་ནད་རིགས་རྣམས་ཀྱི་རྒྱབ་ལྗོངས་རྒྱུས་དང་ད་ལྟའི་གནས་བབ། སྔ་ལོ་ཟླ་འཇུག་ཏུ་རྒྱ་ནག་ཧུ་སྦེ་ཞིང་ཆེན་ཁུལ་གྱི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་ཕྱིན་པའི་ཏོག་དབྱིབས་ནད་རིགས་༡༩ Covid-19 པའམ་ཀོ་རོ་ན་ནད་དུག་གསར་མ་Novel Coronavirus བྱ་བ་དེས་ཡུན་ཐུང་ཟླ་བ་གསུམ་ཙམ་གྱི་ནང་། འཛམ་གླིང་ཧྲིལ་པོར་ཁྱབ་བརྡལ་ཕྱིན་ཟིན་པ་མ་ཚད། རྒྱལ་ཁབ་དུ་མའི་ནང་མིའི་ཚེ་སྲོག་གྲངས་ལས་འདས་པ་འཕྲོག་དང་འཕྲོག་མུས་ཐོག དཔལ་འབྱོར་དང་རྒྱུན་ལྡན་འཚོ་བའི་རིམ་པར་དོ་འཕོག་གཏོང་དང་གཏོང་མུས་སུ་ཡོད། མི་མང་པོ་ཞིག་གི་སེམས་སུ་ཏོག་དབྱིབས་ནད་དུག་ཟེར་བའི་ངོ་བོ་དང་། ནད་རིགས་དེ་ཇི་ལྟར་འགོ་ཉེན་ཡོད་མེད། དེ་བཞིན་ནད་རིགས་དེ་སྔོན་འགོག་ཇི་ལྟར་བྱ་ཐབས་ཡོད་མེད་སོགས་ཀྱི་ལམ་སྟོན་གང་སར་འཚོལ་བའི་མདུན་པ་ཤུགས་ཆེར་སྐྱེ་ཞིང་ཡོད་ནའང་། ཧུལ་རྒྱུགས་ཆེ་བའི་དྲ་འཁྱམ་པ་མང་པོ་དང་། དེ་བཞིན་རྫུན་བཟོའི་སྤྱོད་ལམ་ལ་ལངས་ཤོར་ཕྱིན་པའི་འོབ་ཚོད་པ་མང་པོས་གང་སར་ཁུངས་ལྡན་མིན་པའི་གནས་ཚུལ་མར་བཤུས་ཡར་འགྲེམས་བྱས་པས། ཁུངས་ལྡན་གྱི་གནས་ཚུལ་མང་པོ་ཐོབ་མི་ཐུབ་པར་བརྟེན་ནས་འདིར་ཁོ་བོས་ངལ་བ་ཕྲན་བུན་སྤྱད་དེ་ཡིག་ཆ་བསྡུ་རུབ་ཀྱིས་ཏོག་དབྱིབས་ནད་རིགས་༡༩ པའི་སྐོར་གླེང་བ་ལ། སྤྱིར་བཏང་ཏོག་དབྱིབས་ནད་དུག་ coronaviruses 冠狀病毒ནི་ཉེ་ཆར་བྱུང་བ་ཞིག་མིན་པར་ལོ་མང་པོའི་སྔོན་ནས་ཆེད་ལས་པས་ངོས་འཛིན་ཐུབ་ཡོད་པ་མ་ཟད། འདས་པའི་རྒྱུད་རིམ་གྱི་ནང་དུ་ཏོབ་དབྱིབས་ནད་དུག་ལས་འབྱུང་བའི་ནད་རིགས་སར་སེ་SARSཟེར་བ་དང་མེར་སེ་MERSཟེར་བ་གཉིས་ཀྱིས་མི་གྲངས་མང་པོའི་ཚེ་སྲོག་འཕྲོག་ཡོད། ཏོབ་དབྱིབས་ནད་དུག་རྣམ་པ་མང་བའི་སེམས་ཅན་ནས་འགྲོ་བ་མིར་འགོ་ནུས་པའི་ནད་དུག་ Virus རིགས་ཤིག་ཡིན་ལ། དེས་འཆམ་རིགས་དཀྱུས་མ་ནས་ཛ་དྲག་ཅན་གློ་ཚད་ནད་གཞི་དེ་འདྲའི་རྐྱེན་བྱེད་ཐུབ། སེམས་ཅན་གྱི་རིགས་ནང་ཕན་ཚུན་དུ་འགོ་བའི་ནད་དུག་ཚབ་ཆེན་དེ་འདྲ་མང་པོ་ཡོད་ནའང་། དེ་དག་སེམས་ཅན་གྱི་རིགས་སུ་བསྡད་པ་ལས་ད་བར་འགྲོ་བ་མིའི་རིགས་ལ་འཕོས་མེད། ཏོག་དབྱིབས་ནད་རིགས་༡༩ པ་འདི་ཉེ་བའི་ཆར་རང་འགྲོ་བ་མིའི་རིགས་ལ་འཕོས་པ་ཞིག་ཡིན་སྟབས་དེའི་སྐོར་ལ་དཔྱད་གཞིའི་ཡིག་ཆ་དང་ཚོད་ལྟའི་གྲུབ་འབྲས་སོགས་གང་ཡང་མེད་པས་དྲི་བ་མང་པོ་ཞིག་ལན་འདེབས་གསལ་པོ་མེད་པར་གནས་ཡོད། ད་བར་ཤེས་རྟོགས་བྱུང་བར། ནད་དུག་གམ་ཝ་རེ་སི་SARS-Cov-2 སར་སེ་ཀོབ་༢་ཟེར་བས་སྐྲུན་བཞིན་པའི་ད་ལེན་གྱི་ཏོག་དབྱིབས་ནད་རིགས་༡༩ པའི་ནད་རྟགས་སུ་འཆམ་རིགས་སྤྱིའི་ནད་རྟགས་ཀྱི་སྟེང་། དམིགས་གསལ་གློ་སྐམ་པོ་རྒྱག་པ། ཚ་བ་འབར་བ། དབུགས་མ་འདང་བ་དང་དབུགས་གཏོང་ལེན་དཀའ་བ་སོགས་ངོས་འཛིན་བྱས་ཡོད། གལ་ཏེ་འཚབ་ཆེར་གྱུར་ན་གློ་བའི་མཉེན་འཚད་ pneumonia ནི་མོ་ནི་ཡ་ཟེར་བ་སོགས་དང་། མཁལ་མ་བེད་མེད་འགྱུར་བ་དང་འཆི་བ་སོགས་ཀྱི་སྡུག་བསྔལ་སྐྲུན་ཐུབ། ནད་རིགས་གཞན་པ་དང་མི་འདྲ་བར་ཏོག་དབྱིབས་ནད་རིགས་༡༩ ཛ་དྲག་ཏུ་རྩིས་དོན་གཅིག་ནི། དེའི་ནད་རྟགས་འཐོན་པར་ཉིན་མ་གཉིས་ནས་༡༤ བར་འགོར་སྲིད་པའི་མི་མང་པོས་རང་ཉིད་ལ་ནད་ཡོད་ཀྱང་ངོས་འཛིན་མ་ཐུབ་པར་ཉིན་གྲངས་མང་པོར་ལྷག་པ་དང་དེའི་རིང་ལ་གཞན་ལ་འགོས་པའི་ཉེན་ཁ་ཡོད་པ་དེ་ཡིན། ཕལ་མོ་ཆེར་ནད་རྟགས་མངོན་པར་ཉིན་གྲངས་ལྔ་ཙམ་གོར་གྱི་ཡོད་འདུག། ༢༠༠༢་ལོར་རྒྱ་ནག་ལྷོ་རྒྱུད་ནས་བྱུང་བའི་ཏོག་དབྱིབས་ནད་རིགས་སར་སེ་ཟེར་བ་ civet cats (རི་འཁྱམ་བྱི་ལ་མཇུག་མ་རིང་པོ་ཞིག་)ནས་འཕོས་པ་དེ་རྒྱལ་ཁབ་༡༧ ནང་དུ་མི་གྲངས་༨༠༩༨ ཙམ་ལ་འགོས་པ་དང་དེ་དག་ལས་༧༤༤ རྐྱེན་ལམ་དུ་སོང་བ་དང་། ཡང་ ༢༠༡༢ ལོར་བྱུང་བའི་རྔ་མོང་ནས་འཕོས་པའི་ཏོག་དབྱིབས་ནད་རིགས་མེར་སེ་ཟེར་བ་དེ་རྒྱལ་ཁབ་༢༡ ནང་དུ་མི་གྲངས་ ༢༥༠༠ ཙམ་ལ་འགོས་ཤིང་ནད་པ་གྲངས་༨༦༠ ལྔ་ལམ་དུ་བཏང་ཡོད། འདས་པའི་ནད་རིགས་དེ་གཉིས་དང་བསྡུར་ན་ད་ལྟའི་ཏོག་དབྱིབས་ནད་རིགས་༡༩ དེའི་ནད་པའི་གྲངས་ཚད་དང་ཁྱབ་ཁྱོན་ནི་བསམ་ཡུལ་དུ་ཤོང་མི་ཐུབ་པ་མ་ཟད། ད་དུང་ཉིན་རེ་ནས་ཉིན་རེ་གྲངས་ཚད་འཕར་ཚད་འཐོན་པོར་འགྲོ་བཞིན་པ་ཡིན། དེ་རིང་སྟེ་འདི་ཟླའི་ཚེས་༢༠ གསར་ལམ་དུ་བསྒྲག་ཡག་ལ། འཛམ་གླིང་ཏོབ་དབྱིབས་ནད་པའི་གྲངས་འབོར་༢༧༥༧༩༦ འབུམ་གསུམ་མ་ཟིན་ཙམ་ལ་སླེབས་ཡོད་པ་དང་། རྐྱེན་འདས་སུ་ཟིན་པ་༡༡༣༩༧ ཆིག་ཁྲི་བརྒལ་ཚར་ཡོད་པ་མ་ཚད།…