༄༅། །མཆིམས་ནམ་མཁའ་གྲགས་ནི། རབ་བྱུང་བཞི་པའི་ལྕགས་རྟ་ཕྱི་ལོ་ ༡༢༡༠ ལོར་གཙང་མྱང་སྟོད་སྨོན་འགྲོའི་ཁའུར་ཞེས་པའི་སར། ཡབ་དཔོན་དར་མགོན་དང་། ཡུམ་ལྷ་ས་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་བཞི་པར་ཁུ་བོ་མཆིམས་བློ་གྲོས་བསྟན་པའི་དྲུང་ནས་གསན་བསམ་སློབ་གཉེར་གྱི་དབུ་ཚུགས་ཏེ་གཞུང་ལུགས་ཀུན་ལ་སྦྱངས་བརྩོནམཛད། དེའི་དྲུང་ནས་དགུང་ལོ་བཅུ་དྲུག་པར་རབ་ཏུ་བྱུང་ཞིང་། དགུང་ལོ་ཉི་ཤུ་པར་དཔལ་ལྡན་གྲོ་བོ་ཆེས་མཁན་པོ་དང་། བ་ཕྱར་བསོད་ནམས་གྲགས་ཀྱིས་ལས་སློབ། མཆིམས་བློ་གྲོས་བསྟན་པས་གསང་སྟོན་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བ་ལས་བསྙེན་རྫོགས་སྡོམ་པ་གནོས་སོ།། དགུང་ལོ་ཉེར་གཅིག་པར་སྣར་ཐང་མདོ་སྔགས་ཀྱི་གསན་བསམ་མཐར་ཕྱིན་པ་མཛད། རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི་ ༡༢༥༠ ནས་ཞི་བར་མ་གཤེགས་བར་བགྲང་བྱ་སུམ་ཅུ་སོ་དྲུག་ཏུ་གདན་ས་པ་མཛད་དེ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་ལ་བྱ་བ་ཤིན་ཏུ་ཆེན་པོ་མཛད་པས། འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་ཆེ་དགུ་རྣམས་ཀྱིས་མཆོད་ཅིང་བཀུར་བ་དང་། གདམས་པའི་བརྒྱུད་འཛིན་སློབ་ཚོགས་རྒྱ་ཆེ་བསྐྱངས་པ་ལས་དེ་དག་གི་ནང་ནས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་སྐྱེས་བུ་མང་དུ་ཐོན་ཏེ། གྲགས་ཆེ་བ་འགའ་ཞིག་སྨོས་ན། སྐྱིལ་ནག་གྲགས་པ་སེང་གེ རྒྱང་རོ་པཎ་ཆེན། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། བཅོམ་ལྡན་རིག་པའི་རལ་གྲི། དབུས་པ་བློ་གསལ། མཆིམས་འཇམ་པའི་དབྱངས་སོགས་བྱོན་པར་སྣང་ངོ་༎ མཐར་དགུང་གྲངས་དཽན་ལྔར་ཕེབས་པ་རབ་བྱུང་ལྔ་པའི་ཤིང་བྱ་ཕྱི་ལོ་ ༡༢༨༥ ལོར་སྐུ་ཞི་བར་གཤེགས་ཚུལ་བསྟན་ཏོ།། གསུང་རྩོམ་ལ། ཆོས་མངོན་པ་མཛོད་ཀྱི་ཊཱི་ཀ་ཆེན་མོ། ཆོས་མངོན་པ་མཛོད་ཀྱི་བསྡུས་དོན། དབུ་མའི་ལྟ་ཁྲིད། ཤེར་ཕྱིན་སྒོམ་དོན་རིན་ཆེན་སྤུངས་པ། སྐྱེས་བུ་གསུམ་གྱི་ལམ་རིམ། སྨོན་སེམས་ཆོ་ག །འཇུག་པ་སེམས་བསྐྱེད་ཀྱི་ཆོ་ག །བྱང་ཆུབ་སེམས་འགྲེལ་གྱི་བསྡུས་དོན། ཆོས་འཆད་ཉན་ལ་འཇུག་པའི་ཡན་ལག །བཀའ་གདམས་ལོ་རྒྱུས་དང་འབྲེལ་བའི་བློ་སྦྱོང་། མཁན་པོ་མཆིམས་པའི་གསན་ཡིག་སོགས་གསུང་རྩོམ་མི་ཉུང་བ་ཞིག་ད་ལྟ་ཡང་མཇལ་དུ་ཡོད་པ་བཅས་སོ༎ ༼དོགས་སེལ་ཉུང་ངུ་།༽འདིར་དུང་དཀར་ཚིག་མཛོད་དུ་མཁས་པ་འདིའི་ངོ་སྤྲོད་དུ། འདི་དང་ཡོངས་གྲགས་སུ་མཆིམས་མཛོད་ཅེས་གྲགས་པ་མཛོད་འགྲེལ་མངོན་པའི་རྒྱན་གྱི་མཛད་པ་པོ་མཆིམས་འཇམ་པའི་དབྱངས་གཉིས་གང་ཟག་གཅིག་ཏུ་མཛད་ཅིང་། དེ་ལ་བརྟེན་ནས་དེང་སང་དེབ་ཀྱི་གླེང་བརྗོད་དང་མཚམས་སྦྱོར་འབྲི་མཁན་དག་གིས་དེ་གཉིས་གཅིག་ཡིན་ཤག་བྱས་པ་མང་ཡང་། དོན་དངོས་ཐོག་དེ་གཉིས་གང་ཟག་སོ་སོ་བ་ཡིན་པ་ནི། མཆིམས་འཇམ་པའི་དབྱངས་ཀྱིས་མཛོད་འགྲེལ་མངོན་པའི་རྒྱན་གྱི་མཛད་བྱང་དུ། “གངས་ཅན་གྱི་རྒྱུད་ཀྱི་གནས་བརྟན་ཆེན་པོ་མཆིམས་ཐམས་ཅད་མཁྱེན་པ་ལ་སོགས་པའི་ཞབས་ཀྱི་རྡུལ་རྙོག་པ་མེད་པ་སྤྱི་བོས་ལེན་པ་མང་དུ་ཐོས་པ་ཤཱཀྱའི་དགེ་སློང་འཇམ་པའི་དབྱངས་ཀྱིས། དཔའ་ས་སྐྱའི་ཆོས་གྲྭ་ཆེན་པོར་དབུ་བརྩམས་ནས། སའི་དབང་ཕྱུག་རྒྱལ་པོ་ཆེན་པོའི་ཕོ་བྲང་ཅོང་ཏུའི་མཁར་དུ་ལེགས་པར་གྲུབ་པར་བྱས་པའོ།།” ཞེས་གསུངས་ལ། འདིའི་མཆིམས་ཐམས་ཅད་མཁྱེན་པ་ཞེས་པ་ནམ་མཁའ་གྲགས་ཡིན་པ་ནི། མཆིམས་བློབཟང་གྲགས་པས། མཆིམས་ཊཱིཀ་ཆུང་བའི་མཆོད་བརྗོད་དུ། “འཇིག་རྟེན་ཀུན་ལ་ཐམས་ཅད་མཁྱེན་པར་གྲགས༎…
Category: རིགས་བཀར་མེད།
ངའི་ཞུ་ཚིག
སྐུ་ཉིད་སྐྱ་རེངས་ནང་ཕེབས་པར་བཀྲིས་བདེ་ལེགས་ཞུ།
སྒང་ཕུག་གཙོང་མཁན།
རྡོ་རྗེ་རྒྱལ་མཚན། སྔོན་མ་རྒད་པོ་སྒང་ཕུག་གཙོང་མཁན་ཞིག་ཡོད་པ་རེད། ཁོའི་མི་ཚེའི་ནང་ཉིན་ལྟར་སྒང་ཕུག་གཙོང་ནས་ཚོར་བ་སྐྱེལ་གྱི་ཡོད། སྐབས་རེ་སྒང་ཕུག་ཉོ་མཁན་མེད་དུས་ཁོས་སྒང་ཕུག་ཁ་ཤས་ནང་ཧི་ལཱེམ་heliumཞེས་པའི་རླུང་ཡང་ཤོས་དེ་བླུགས་ནས་གནམ་ལ་གཏོང་གི་ཡོད། གནང་ལ་བཏང་པའི་སྒང་ཕུག་དེ་ཚོ་གཡས་གཡོན་གྱི་ཕྲུ་གུ་རྣམས་ཀྱིས་མཐོང་དུས་ཁོའི་སྒང་ཕུག་གི་ཚོང་ཡག་ཏུ་འགྲོ་ཡི་ཡོད། ཁོང་གི་སྒང་ཕུག་ཉོ་མཁན་རྣམས་ནི་ཕྲུ་གུ་རྐྱང་རྐྱང་ཡིན་པས་ཁོས་དུས་རྒྱུན་དུ་སྒང་ཕུག་ཉོ་མཁན་ལ་སྐད་ཆ་སྙན་པོ་དང་ཞི་འཇམ་པོའི་ངང་ནས་བཤད་ཀྱིས་ཡོད། ཉིན་ཞིག་ལོ་ན་བཞི་འམ་ལྔ་ལོན་པའི་ཕྲུ་གུ་ཞིག་་ཁོང་གི་འགྲམ་དུ་ཡོང་ནས “སྒང་ཕུག་ནག་པོ་དེ་ཚོའང་གནམ་ལ་ཕུར་གྱི་རེད་དམ” ཞེས་དྲིས་པས། རྒད་པོ་དེས་ཞི་འཇམ་པོའི་ངང་ནས། “བུ། གནམ་ལ་ཕུར་ཐུབ་པ་དང་མི་ཐུབ་པའི་་ཁྱད་ཆོས་དེ་སྒང་ཕུག་གི་མཚོན་མདོག་ལ་རྟེན་མེད་། དེ་ནི་སྒང་ཕུག་དེ་དག་གི་ནང་ཡོད་པའི་རླུང་གི་ཁྱད་ཆོས་རེད་” ཞེས་ལབ་པ་རེད། བསླབ་བྱ། མི་ཚེའི་མདུན་ལམ་ནི་རང་ཉིད་ཀྱི་ཁོག་ནང་ཡོད་པའི་ཡོན་ཏན་དག་བསྐྲུན་པ་ལས་ཕྱིའི་རྣམ་པས་བསྐྲུན་མི་ཐུབ་པའོ།
རྡོའི་སེང་གེའི་མིག་ནས་ཁྲག་གི་མིག་ཆུ་གཏོང་བ། (ཉན་རྒྱུ་ཡོད།)
འཛམ་གླིང་ཆུང་ཆུང་ནང་གནམ་གྲུ་ཆེན་པོ་ཞིག་བརླགས་པ།
ར་ས་ཕོ་ཉས་པར་དང་བཅས། འདས་མ་ཐག་པའི་ཟླ་བ་༣ པའི་ཚེས་ ༨ སྟེ་བོད་མི་རང་དབང་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་ཞུ་བའི་ཉིན་གཉིས་ཀྱི་སྔ་ལོགས་སུ། མ་ལེ་ཤའི་རྒྱལ་ས་ཀོ་ལ་ལམ་པུར་དང་རྒྱ་ནག་གི་རྒྱལ་ས་པེ་ཅིང་བར། རྒྱང་ཐག་སྤྱི་ལེ་ཐུང་གྲས་༤༣༩༩ སར་འཕུར་བསྐྱོད་བྱེད་མཁན་གྱི་MH༣༧༠ ཨང་རྟགས་ཅན་གྱི་གནམ་གྲུ་བརླགས་པའི་གནས་ཚུལ་འཐོན་ཡོད། MH༣༧༠ ཨང་རྟགས་ཅན་གྱི་གནམ་གྲུ་དེ་མ་ལེ་ཤ་ནས་འཕུར་ནས་ཚོུད་གཅིག་མ་སོང་ཙམ་གྱི་མཚམས་བརླག་འགོ་ཚུགས་ཡོད་པ་དང་། གནམ་གྲུའི་ནང་དུ་མ་ལེ་ཤའི་ལས་མི་༡༤ དང་རྒྱལ་ཁབ་འདྲ་མིན་༡༤ ཁུངས་ཀྱི་འགྲུལ་མི་༢༢༧ དེའི་ནང་ནས་རྒྱ་ནག་གི་མི་སེར་དུ་གྱུར་པ་༡༥༣ བཅས་ཡོད། འབྲེལ་ཡོད་ཚན་པས་ཐའི་ལན་དྲའི་དང་རྒྱ་ནག་གི་ལྷོ་རྒྱ་མཚོ་བཅས་སུ་བཙལ་བས་མ་རྙེད་སྟབས། རིམ་པའི་འཚོལ་ས་རྒྱ་བསྐྱེད་དེ་མ་ལེ་ཤའི་ཉེ་འཁོར་གྱི་ Strait of Malaccaམ་ལ་ཀ་དང་Andamanཨན་དྷ་མན་རྒྱ་མཚོ་བཅས་སུ་བཙལ་ཅིང་།