དེ་རིང་སྟེ་རེས་གཟའ་ལྷག་པའི་མཚན་མོར་རྒྱ་གར་ནས་དུས་རབས་ཉི་ཤུ་རྩ་གཅིག་པ་དེའི་ནང་གི་ཟླ་བ་གཟའ་འཛིན་རིང་ཤོས་ཏེ། སྐར་མ་༡༠༠ རིང་འཛམ་གླིང་གི་གྲིབ་མ་ཟླ་བར་ཕོག་པའི་ཟླ་འཛིན་མཐོང་ཐུབ་པ་ཡིན།དོ་དགོང་མཚན་མོ་རྒྱ་གར་གྱི་ཚོུད་༡༡་༥༣ ཐོག་ཟླ་བ་འཛིན་འགོ་འཛུགས་རྒྱུ་ཡིན་ཅིང་། དེ་དུས་འཛམ་གླིང་གི་གྲིབ་འོག་ནས་ཟླ་བ་བགྲོད་པའི་ཟངས་འདྲའི་ཟླ་བའི་རྣམ་པ་དེ་ངོ་མཚར་བ་ཞིག་ཡོད་པས། རྒྱ་གར་དུ་ཡོད་པའི་གྲོགས་པོ་ཚོས་གཟིགས་རྒྱུ་མ་བརྗེད་པ་དང་། ལྷག་དེ་རིང་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་པའི་དུས་ཆེན་ཁྱད་པར་བ་ཡིན་པས་དང་། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
Category: གསར་འགྱུར།
རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཧམ་བཤད།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གར་སོང་ཆ་མེད་དུ་གྱུར་པའི་བོད་པའི་གྲྭ་པའི་ཐོག་གནང་བའི་སྙན་ཞུར་རྒྱ་ནག་གིས་ཧམ་བཤད་ཀྱི་ཁས་ལེན་མ་བྱས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གིས་ཟླ་བ་གསུམ་གྱི་སྔོན་ཀིར་ཏི་དགོན་པའི་གྲྭ་པ་༣༠༠ ཁྲིམས་འགལ་གྱི་ཐོག་ནས་བཀག་སྐྱིལ་བྱས་པའི་འབྲེལ་བརྗོད་ལ་རྒྱ་ནག་གི་ལན་འདེབས་བྱས་འདུགརྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པ་ཧོང་ལེ་ཟེར་བས། ཀིར་ཊི་དགོན་པར་བཙན་དབང་གིས་བར་བརླག་ཕྱིན་པ་གང་ཡང་ཡོད་མ་རེད་ཟེར་བ་དང་། ཡང་ཁོས། ས་གནས་ཀྱི་དབང་འཛིན་པའི་གྲྭ་པ་ཁ་ཤས་ཁྲིམས་མཐུན་གྱི་སློབ་སྦྱོང་ལ་ཁྲིད་པ་རེད་ཅེས་ཧམ་བཤད་བྱས་འདུག རང་དབང་ཚོགས་པས་ཕྱི་ཟླ་ལྔ་པའི་ནང་གྲྭ་པ་གཅིག་གིས་རང་ལུས་མེ་བསྲེགས་བྱས་པ་ནས་དགོན་པ་སྒོ་རྒྱབ་ཡོད་པ་བརྗོད་འདུག རེས་གཟའ་ལྷག་པའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་རྒྱ་ནག་ལ་གྲྭ་པ་ཚོ་གང་དུ་ཡོད་མེད་ལེན་འདེབས་གསལ་པོ་དགོས་པ་བརྗོད་འདུག གནས་ཚུལ་ཡོང་ཁུངས། བྷི་བྷི་སི། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
གླང་ཆེན་གྱིས་རྒྱ་གར་ནང་མི་བསད་པ།
དེ་རིང་རྒྱ་གར་ལྷོ་ཕྱོགས་མེའི་སོར་གྲོང་འཁྱེར་ནང་ཤིང་ནགས་ནས་གླང་ཆེན་གཉིས་ཤོར་བ་ལས། གླང་ཆེན་གཅིག་གིས་གྲོང་ཁྱེར་གྱི་ཁྲོམ་རར་ཕྱིན་ནས་རང་གི་ལམ་ཁ་བརླག་པའི་སྡུག་བསྔལ་དང་ཁོང་ཁྲོས་མི་གཅིག་བསད་པ་དང་། དེ་བཞིན་སེམས་ཅན་གཞན་དང་བདེ་འཇག་ལ་གནོད་འཚེ་བཏང་འདུག གློག་བརྙན་གཟིགས་ན།[youtube https://www.youtube.com/watch?v=E4Wmic8JapM&w=400&h=319] གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
བཙན་བྱོལ་བོད་ཕྲུག་ཚོའི་འཛིན་གྲྭ་བཅུ་པའི་རྒྱུགས་ཚད།
ཕྱི་ལོ་ ༢༠༡༡ ལོའི་བཙན་བྱོལ་བོད་མིའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ནང་ཞུགས་མཁན་ཁྱོན་སློབ་གྲྭ་ ༢༨ ཙམ་ཡོད་པའི་ནང་། ཐེངས་འདིའི་ཡིག་རྒྱུགས་ནང་ཞུགས་ཆོག་པའི་སློབ་མ་གྲངས་ ༡༨༧༩ དང་། དངོས་སུ་ཡིག་རྒྱུགས་ཀྱི་ཆ་ཤས་ལེན་མཁན་ ༡༨༦༤ ཡོད་པའི་ཁྲོད། སློབ་ཕྲུག་བུ་ ༩༣༥ དང་བུ་མོ་ ༩༢༩ ཙམ་བྱུང་འདུག ཡིག་རྒྱུགས་འཕྲོད་མཁན་ ༡༨༤༤ ཙམ་བྱུང་ཡོད་པ་དང་། ཡིག་རྒྱུགས་འཕྲོད་མེད་མཁན་ ༢༠། ཡིག་རྒྱུགས་གཏོང་མ་ཐུབ་མཁན་ ༡༡ བཅས་རེད། ད་ལོའི་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༨།༩༣ ཡིན་པ་དང་། སྔར་ལོའི་བརྒྱ་ཆ་ ༩༡།༤༤ དང་བསྡུར་ན་མཐོ་རུ་ཕྱིན་ཡོད་པ་རེད། འདི་ལོར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ནང་ཨང་དང་པོ་ཐོབ་མཁན་ནི། ཀོ་ལི་སྒར་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་དབང་ཕྱུག་དང་། སིམ་ལ་གཏན་སློབ་ཀྱི་སློབ་མ་པཱ་ར་ཌེ་བྷ་ཇཱ་སི་ཝ། སི་ལ་ཀོ་བོད་ཁྱིམ་གྱི་བསྟན་འཛིན་དཔལ་སྒྲོན། སྦེལ་ཀོབ་གཏན་སློབ་ཀྱི་བསྟན་འཛིན་ནོར་འཛོམས་སོགས་ཡིན་ཞིང་། ཁོང་ཚོར་ཐེངས་འདིའི་ཡིག་རྒྱུགས་ནང་སྐར་གྲངས་བརྒྱ་ཆ་ ༡༠༠ རེ་ཐོབ་ཡོད་འདུག ཨང་གཉིས་པ་ཐོབ་མཁན་དག་ནི། མ་སུ་རི་བོད་ཁྱིམ་གྱི་སི་ཕན་ཌན་རོ་ཊི་དང་། སི་ལ་ཀོ་བོད་ཁྱིམ་གྱི་བསྟན་འཛིན་ཀུན་ཁྱབ། སི་ལ་ཀོ་བོད་ཁྱིམ་གྱི་བསྟན་འཛིན་ལྷ་མཚོ། སྦེལ་ཀོབ་གཏན་སློབ་ཀྱི་བསྟན་འཛིན་དབང་ཕྱུག་བཅས་རེད། ཁོང་ཚོའི་ཡིག་རྒྱུགས་ཀྱི་སྐར་གྲངས་བརྒྱ་ཆ་ ༩༨།༢ རེ་ཐོབ་འདུག འདི་ལོར་འཛིན་རིམ་བཅུ་པའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་ཞུགས་མཁན་གྱི་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་ལ་གྲུབ་འབྲས་ཆེན་པོ་བྱུང་ཡོད་པ་མ་ཟད། སློབ་གྲྭ་ཁག་ ༢༠ ཙམ་གྱིས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ རེ་ལོན་ཡོད་པ་དང་། སློབ་གྲྭ་དེ་དག་ནི། ཅན་ཌིར་གྷ་རི་ཉིན་སློབ་དང་། སུ་ཇ་བོད་ཁྱིམ།…
བྷ་བྷ་རམ་དེ་ཝི་ཡི་ཟས་བཅད།
རྒྱ་གར་གྱི་རྩ་རླུང་རྣལ་འབྱོར་བ་བྷ་བྷ་རམ་དེ་ཝི་ཡིས་གཞུང་དངུལ་སྐོག་ཟ་རྩད་ཞིབ་དགོས་པའི་ཟས་བཅད་ངོ་རྒོལ་འགོ་བཙུགས་འདུག རྒྱ་གར་གཞུང་གི་བློན་ཆེན་ཚོས་གཞུང་དངུལ་སྐོག་ཟ་རྩད་ཞིབ་འདོད་བློ་ཁེངས་པ་མ་བྱས་པའི་རྗེས། ཉིན་ལྟར་མི་མང་བྱི་བ་མང་པོར་བརྙན་འཕྲིན་ནང་སྟོན་བཞིན་པའི་རྣལ་འབྱོར་པ་རམ་དེ་ཝི་ཞུ་བས་མ་ཤི་བར་དུ་ཟས་བཅད་ངོ་རྒོལ་གནང་རྒྱུ་འགོ་བཙུགས་བྱས་འདུགབྷ་བྷ་རམ་དེ་ཝི་ཡི་འདོད་པ་ལ་རྒྱ་གར་གཞུང་གིས་དངུལ་ནག་པོ་༼སྐོག་རྔན་སྤྲད་པར་དོགས་པའི་ཕྱི་རྒྱལ་དངུལ་ཁང་གི་account ཐོ་བྱང་ནང་ཡོད་པ་དེ་ཚོ་༽ རྣམས་ཕྱིར་ལོག་ཐུབ་པ་དགོས་འདུག ཁོང་གིས་མ་ཤི་བར་དུ་གཞུང་དངུལ་སྐོག་ཟ་བྱས་པར་ངོ་རྒོལ་བྱེད་རྒྱུ་དང་། རྒྱལ་ཁབ་འདིའི་མི་མང་རྣམས་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཁོང་ཚོར་ད་ལྟ་རང་གཞུང་གིས་ཞིབ་འཇུག་ལག་བལྟར་བྱེད་དགོས་ཡོད་ཟེར། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།