ཨེཊ་ལེན་ཊིཀ་The Atlanticགསར་ཁང་གི་བཅར་འདྲི་ཞིག་ལ། ཨ་མི་རི་ཀའི་ལྕམ་ཁི་ལི་ཊོན་clintonགྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ནི་ཡིད་སྐྱོ་དགོས་པ་ཞིག་ཡིན་པ་གསུངས་འདུག ཟླ་བ་སྔོན་མའི་ནང་དུ་ལྕམ་ཁི་ལི་ཊོན་གྱིས། རྒྱ་ནག་གི་དཔོན་པོ་རྣམས་ནི་ཤར་དཀྱིལ་middle eastཡུལ་གྲུ་དག་གི་ནང་དུ་བྱུང་བའི་མང་གཙོ་མཐུན་ཕྱོགས་ཀྱི་ཞི་རྒོལ་དེའི་ཤུགས་རླབས་དེས་ཤར་ཕྱོགས་ནས་རྒྱ་ནག་ལ་ཁྱབ་པའི་སེམས་ཁྲལ་བྱེད་ཀྱི་ཡོད། ཁོང་ཚོས་ནི་ལོ་རྒྱུས་འགོག་ཐབས་ཀྱི་ལྐུགས་པའི་ལས་དོན་བྱེད་ཀྱི་ཡོད། ཁོང་ཚོས་དེར་ལྟར་བྱ་མི་ཐུབ། འོན་ཀྱང་ཁོང་ཚོས་ཇི་ཙམ་ཐུབ་ཀྱི་བར་དུ་སྟངས་འཛིན་བྱེད་ཀྱི་རེད། ཅེས་བརྗོད་ཡོད་འདུག གསར་འགྱུར་ཡོང་ཁུངས། BBC གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
Category: གསར་འགྱུར།
ཡིད་སྐྱོའི་གནས་ཚུལ།
ད་ལྟ་རང་གནས་ཚུལ་འཐོན་པ་ལ། ཨ་རུ་ན་ཅལ་གྱི་མངའ་སྡེ་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་རྟ་དབང་རྫོང་གི་ཉེ་གྲམས་ཀྱེན་ལ་དང་ལོ་བོ་ཐང་ཞེས་པའི་བར་དུ་ཐད་འཕུར་གནམ་གྲུ་བརྡབ་སྐྱོན་གྱིས་འདས་གྲོངས་སུ་ཕྱིན་པ་བརྗོད་འདུག གནམ་གྲུ་བརྡབ་ས་དེར་ཕུང་པོ་གསུམ་རྙེད་འདུག དགེ་བཤེས་བེ་རི་འཇིགས་མེད་ཀྱི་ངོ་དེབ་ཏུ་གནས་ཚུལ་བཀོད་པ་གཤམ་གསལ།བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་གི་ཕུང་པོ་རྙེད་སོན་བྱུང་ཡོད་འདུག ཟླ་འདིའི་ཚེས་༤ ཉིན་རྒྱ་གར་གྱི་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་ཉིན་གྲངས་གསུམ་རིང་མོན་རྟ་དབང་དང་འབྲེལ་ཡོད་ཀྱི་ས་ཁུལ་ཁག་ཏུ་འཚོལ་ཞིབ་བྱས་ཡོད་པ་དང། འབྲུག་གི་སྲིད་བློན་འཇིགས་མེད་འཕྲིན་ལས་མཆོག་ལ་རེ་སྐུལ་གྱིས། འཚོལ་ཞིབ་རུ་ཁག་༡༥ ཙམ་གྱིས་གང་སར་འཚོལ་ཞིབ་བྱས་ཡོད་འདུག ཟླ་འདིའི་ཚེས་༤ ཉིན་གནམ་གྲུ་བརྡབ་སྐྱོན་བྱུང་ཏེ་བློན་ཆེན་མཆོག་དང་སྐུ་འཁོར་གསུམ་གྱི་ཕུང་པོ་རྙེད་སོན་བྱུང་ཡོད་འདུག ཟླ་འདིའི་ཚེས་༣ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་གྲངས་གསུམ་གྱི་སྔོན་དུ་ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་དང་འབྲེལ་ཡོད་ཀྱི་དཔོན་རིགས་འགའ། དེ་བཞིན་བདེ་སྲུང་མི་སྣ་ཡེ་ཤེས་ཆོས་གྲགས་དང། བུ་མོ་ཡེ་ཤེས་ལྷ་མོ། འབྲེལ་ཡོད་ཚེ་དབང་དོན་གྲུབ་སོགས་རྟ་དབང་ནས་ཐད་འཕུར་གནམ་གྲུ་བརྒྱུད་ནས་ས་གནས་གཞན་དུ་འགྲོ་སྐབས། དུས་ཐོག་འགྲོ་ཡུལ་དུ་འབྱོར་མེད་པས་དམག་དཔུང་རུ་ཁག་སོགས་ཀྱིས་འཚོལ་ཞིབ་ཀྱི་ལས་དོན་སྤེལ་ནས་ཉིན་གྲངས་༣ རིང་རྙེད་སོང་བྱུང་མེད་པ་རེད། ཁོང་གློ་བུར་དུ་གར་སོང་ཆ་མེད་སོང་བར་འགྲེལ་བརྗོད་སྣ་ཚོགས་བྱེད་ཀྱི་ཡོད་པ་དང། དེ་ཡང་ལ་ལས་ཁོང་གི་ལག་ཐོགས་ཁ་པར་བརྒྱུད་ནས་འབྲེལ་ཡོད་ལ་འབྲེལ་བ་བྱེད་ཐུབ་ཀྱི་ཡོད་པས། ཇག་པས་བཙན་ཁྲིད་བྱས་པ་རེད་ཟེར་བ་དང། ཡང་ལ་ལས་མོན་ཡུལ་ཕྱོགས་ནས་ཤིང་ནགས་མཐུག་པོ་དང་ཆར་སྤྲིན་སོགས་ཀྱི་གནམ་གཤིས་སྐྱོ་པོ་ཡིན་པས། གནམ་གྲུ་ས་ལ་ལྷུང་ཡོད་ཀྱང་འཚོལ་ཞིབ་བྱེད་ཁག་པོ་ཡིན་རབས་སོགས་བརྗོད་ཡོད་པ་རེད། འོན་ཀྱང་ཟླ་འདིའི་ཚེས་༤ ཉིན་གྱི་སྔ་དྲོ་མོན་རྟ་དབང་རྫོང་ཁོངས་ཀྱི་ལོབ་ཐང་ས་གནས་སུ་ཐད་འཕུར་གནམ་གྲུ་ལྷུང་པར་བརྟེན། སྐུ་གྲོངས་ཡོད་པའི་གནས་ཚུལ་བརྒྱུད་ལམ་དུ་སྤེལ་ཡོད་པ་རེད། བློན་ཆེན་རྡོ་རྗེ་མཁའ་འགྲོ་ནི་༸གོང་ས་མཆོག་དང་བོད་གཞུང་ལ་འབྲེལ་བ་དམིགས་བསལ་གནང་མཁན་ཞིག་ཡིན་པ་དང། ༢༠༠༨ ལོར་བོད་ནང་ཞི་བའི་གྱེན་ལངས་སྐབས་དྷ་ས་གངས་སྐྱིད་དུ་ཕེབས་པ་དང་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ། ༢༠༠༩ ལོར་ཁོང་གིས་༸གོང་ས་མཆོག་མོན་ཡུལ་དུ་གདན་འདྲེན་ཞུས་པ་དང། བློ་གླིང་གྲྭ་ཚང་གི་འདུ་ཁང་གསར་རྒྱག་ལ་ཞལ་འདེབས་ཕུལ་བ། འཆར་ལོ་རྡོར་གདན་དུ་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་གསུམ་ཡོད་པའི་ནང་ནས་ཁོང་གཅིག་ཆགས་ཀྱི་ཡོད་པ་རེད། ༸གོང་ས་མཆོག་གིས་ཁོང་ལ་ཐུགས་སྨོན་མཛད་ཡོད་པ་རེད།། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
རྒྱ་གར་ཨ་རུ་ན་ཅལ་གྱི་མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་གར་སོང་ཆ་མེད་པའི་གནས་ཚུལ།
ཁ་རྩངས་སྔ་དྲོ་ཚོུད་༩་༥༥ ཐོག་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་རྟ་དབང་ནས་ཐད་འཕུར་གནམ་གྲུ་བརྒྱུད་འཐོན་པའི་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད། ཐད་འཕུར་གནམ་གྲུ་འདི་ནང་རྡོ་རྗེ་མཁའ་འགྲོའི་རོགས་པ་མི་བཞི་ཙམ་ཡོད་པ་དང་། ཁོང་གནམ་གྲུ་དེ་བརྒྱུད་ནས་ཨི་ཊ་ན་གྷར་ལ་བསྐྱོད་མཁན་ཡིན་པ་རེད། ཁོང་ཨི་ཊ་ན་གྷར་ལ་ཚོུད་༡༡་༣༠ ཐོག་འབྱོར་ངེས་ཡིན་ནའང་དེ་ལྟར་མ་འབྱོར་དུས་མི་ཚོར་དོགས་པ་འདྲ་མིན་ཟ་ཡོད་ཅིང་། དེ་ནས་༢་༣༠ ཐོག་ཁོང་གི་ལས་ཁུངས་ནས་ཁོང་འབྲུག་ཁུལ་གྱི་ས་གནས་དྲག་པོ་རི་ཇོ་Daporijoཞེས་པར་བདེ་ཐང་ངང་བབ་ཡོད་པའི་འགྲེལ་བརྗོད་བྱས་ཡོད་ཀྱང་ཕྱིས་སུ་སྐད་ཆ་དེ་ཕྱིར་བསྡུ་བྱས་ཡོད། ད་ལྟའི་ཆར་ཡང་རྡོ་རྗེ་མཁའ་འགྲོའི་གནམ་གྲུ་སོགས་གང་ཡང་རྙེད་མེད་པ་དང་། ད་རངས་ཞོགས་པ་རྒྱ་གར་གཞུང་གི་དམག་གི་གནམ་གྲུ་Sukhoi fighter གཉིས་བཏང་ནས་འཚོལ་ཞིབ་བྱས་ཀྱང་རྙེད་སོན་བྱུང་མི་འདུག དེ་རིང་༸གོང་ས་མཆོག་གིས་ཁོང་བདེ་ཐང་ཡོང་བའི་ཐུགས་སྨོན་ཀྱང་མཛད་ཡོད་པ་སྐུ་སྒེར་ཡིག་ཚང་ནས་རྒྱ་གར་གསར་ལམ་དུ་གསུངས་འདུག རྡོ་རྗེ་མཁའ་འགྲོ་ནི་བོད་བརྒྱུད་ནང་པའི་མཆོད་ཡོན་སྦྱིན་བདག་ཤུགས་ཆེ་གནང་མཁན་དང་༸གོང་ས་མཆོག་ལ་དད་པ་ཞུ་མཁན་ཞིག་ཡིན་པའི་མུར་འབྱུང་འགྱུར་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་ཀྱང་ཡིན་བརྗོད་ཀྱི་འདུག གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
བཀའ་བློན་ཁྲི་པ་གསར་པར་འཚམས་འདྲི་ཞུ་བ།
བོད་མི་མང་གིས་འདེམས་འཐོན་བྱུང་བའི་བཀའ་བློན་ཁྲི་པ་ཐེངས་གསུམ་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ། འབྱུང་འགྱུར་ལོ་དེ་དག་གི་ནང་བཀའ་བློན་གྱི་འགན་ལེན་ལེགས་གྲུབ་འཐུས་ཚང་ཡོང་བ་དང་། བོད་མི་མང་གི་བདེ་སྐྱིད་སླར་གསོ་ཡོང་བའི་སྨོན་འདུན་བཅས། སྐྱ་རེངས་བརྙན་དེབ་རྩོམ་སྒྲིག་ཁང་ནས། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
༸གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག་གི་མཇལ་ཁ་ཐོབ་པའི་རྗེས་སུ་དགའ་ཚོར་བསྐྱེད་བཞིན་པའི་དཔར། ༡༩༩༤ ལོའི་འཇིག་རྟེན་མཛངས་མའི་དབུ་རྒྱན་ཐོབ་མྱོང་བའི་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སུ་ཤི་མི་ཏ་སེན་གྱིས་རེས་གཟའ་ཟླ་བའི་ཉིན་༸གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། མོས་མཇལ་ཁ་ཞུས་རྗེས་ཤིན་ཏུ་དགའ་པོ་བྱུང་ནས་ ད་ལན་༸གོང་ས་མཆོག་མཇལ་བ་དེ་ནི་ཨ་མ་ཏེ་རེ་ས་མཇལ་བ་ནང་བཞིན་མྱོང་ཚོར་ཞེ་དྲག་ཡག་པོ་བྱུང་ཞེས་བརྗོད་འདུག གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།