དེ་རིང་སྟོང་མིན་ཙམ་དུ་ཉེ་ཆར་རྩོམ་པ་པོ་ཆེ་གེ་མོ་ཞིག་གིས་གསར་དུ་རྩོམ་པའི་ཀ་གཞས་དེ་ཁྱོད་ལ་སྤྱན་འབུལ་ཞུ་ཚིག། ཆེ་གེ་མོ །།གདངས། རྡོ་སེང་ལེན་མཁན།། ཡ་མེད་ཀ་རྩོམ་ཚིགས་བཅད་འགའ་ལས་མི་ཤེས༎ཁ་ནས་གཞན་ལ་རྫིག་རྫིག་བཤད་མཁན༎ག་དུས་ཡིན་ན་སྦོ་ཤོབ་ཚ་བའི༎ང་ཚོའི་དྲ་གྲོགས་སྣང་བ་སྐྱིད་པོ་།། ཅ་ཅོ་བཤད་ལ་དགའ་བ་ཙམ་ལས༎ཆ་རྒྱུས་ཡོད་པའི་གནས་ལུགས་མི་ཤེས༎ཇ་དང་ཁ་ལག་རག་ཙམ་བྱུང་དུས༎ཉ་བ་བཞིན་དུ་དགའ་ཐག་ཆོད་འགྲོ༎ ཏ་རེ་མི་ཆེན་གྲས་མ་མི་ཚུད༎ཐ་ཐོར་སྐྱེ་བོའི་གྲལ་གསེབ་འཚང་ནས༎ད་དུང་གཞན་སྐྱོན་འཚོལ་ཁུལ་བྱེད་པ༎ན་ཆེན་འདི་ཚོ་ངོ་མ་ཤ་ཚ༎ པ་ལོ་བསགས་ནས་མཆོག་སྤངས་་ཆགས་རྗེས༎ཕ་རྒན་ཚོ་དང་མཉམ་དུ་འཛོམས་ནས༎བ་གླང་ཉོ་ཚོང་ཙམ་རེ་འཇོན་པའི༎མ་ལོ་ལགས་ལ་སྙིང་རེ་མི་རྗེ༎ ཙ་གི་ཙི་གི་འཚོང་འདྲ་བཤད་ནས༎ཚ་གི་ཚི་གི་གཡམ་རྒྱུག་བྱེད་བཞིན༎ཛ་རེ་ཛོ་རེ་མི་ཚེ་སྐྱེལ་བའི༎ཝ་ཕྲུག་འདི་ཚོ་ངོ་མ་ཤ་ཚ༎ ཞ་ལྟར་འཁྱོགས་པའི་འཐེན་རེས་ཆེ་བ༎ཟྭ་བོ་ཇི་བཞིན་གཞན་ལ་གནོད་པ༎འ་རེ་འི་རེ་ཟ་ངེ་ཟིང་ངེ༎ཡ་མེད་འ་འུ་ངོ་མ་ཤ་ཚ༎ ར་དང་ལུག་བཞིན་བཟོ་ལྟ་མེད་ཀྱང༌༎ལ་ལའི་མདུན་སར་མི་ཆེན་བརྫུས་ནས༎ཤ་ཟ་མཁའ་འགྲོ་བཀུག་པར་དགའ་བའི༎ས་གཞིའི་སྐྱེ་བོ་འགའ་ལ་ཤ་ཚ༎ ཧ་རེ་ཧོ་རེ་རྩེད་མོའི་ཟོལ་གྱིས༎ཨ་མ་ཨོ་ལོ་བདེན་གཏམ་རེ་གཉིས༎ཀ་ཕྲེང་སྒྲིག་པའི་ཕལ་རྩོམ་ནང་དུ༎ཁ་སྐད་གོ་བདེའི་ཚིག་འགར་ཤོར་སོང༌༎ ཀ་གཞས་འདི་བང་ཆེན་གླེང་སྟེགས་ལས་ཕབ་།།༼མ་དཔེ་བྱེད་པོས་ཕབ་བཤུས་ཆོག་པའི་བཀའ་འཕྲོལ་འདུག་ཚིག་འགའ་བསྒྱུར་བཅོས་བྱས་ཡོད་པས་ཐུགས་སྣང་ཡོད་པ་ཞུ།༽ གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
Author: སྤྱི་ཁྱབ་རྩོམ་སྒྲིག་པས།
མཚམས་འདྲི།
སེམས་ཀྱི་ཉི་མ་ལགས།སྐྱ་རེངས་ཟིན་བྲིས་པ་གནང་བར་དགའ་བསུ་ཞུ། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
རླང་འཁོར་ནང་དུ་དམར་ཧྲེང་འཛུལ་བ།
ནིའུ་ཡོག་ནང་བོད་པ་བརྡལ་གཏོང་རླངས་འཁོར་གཏོང་མཁན་ཞིག་ཡོད། ཉིན་གཅིག་རླངས་འཁོར་བཏང་ནས་འགྲོ་སྐབས། བུད་མེད་རྒྱག་པ། དམར་ཧྲེང་བ་ཞིག་གིས་མདུན་ལ་ཡོང་ནས། རླངས་འཁོར་དེ་བཀག ཁོ་མོས་རྒྱབ་ལ་འཛུལ་རྗེས། ”མགྱོགས་པོ་རྒྱུག མདུན་གྱི་རླངས་འཁོར་དེ་འདེད་ནས་རྒྱུག་ཟེར།” བོད་པ་དེས་རླངས་འཁོར་གང་ཙམ་བཏང་རྗེས། ཁོ་མོར་ལུས་ཀྱི་མགོ་ནས་རྐང་པ་བར་ཞིབ་ལྟ་ཞིག་བྱས། དེ་ལ་མོས། ”ངོ་ཚ་རྒྱུ་མེད་པ། ཁྱོད་བུད་མེད་དམར་ཧྲེང་བ་ལ་འདི་ལྟར་ལྟ་ནུས་པ་ངོ་མ་ཞབས་འདྲེན་རེད།” ཅེས་བཤད། ཁོས་མུ་མཐུད་རླངས་འཁོར་བཏང་། ཡང་། བར་མཚམས་ཞིག་ན། མོའི་ལུས་ཀྱི་སྨད་ལ་ཞིབ་ལྟ་ཞིག་བྱས་པར། མོ་ཁོང་ཁྲོ་ལངས་ནས། ”ཆལ་པོ། ངོ་ཚ་གི་མིན་འདུག་གམ། ཁྱོད་ཀྱི་བུད་མེད་མཐོང་མ་མྱོང་ངམ་”ཟེར། ཁོས། ”ཨ་ཅག་ལགས། དེ་འདྲ་ཁྱོན་ནས་མ་རེད། ཁྱེད་ཀྱིས་རླངས་འཁོར་གྱི་གླ་ཆ་དེ་ག་པར་ཉར་ཡོད་མེད་ལྟ་གི་ཡོད་ཟེར།” ཚངས་དབྱངས་ནས་བྲིས་པ་འདིར་བཤུས། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་
དེང་སང་འཛམ་གླིང་འདིར་ཚན་རིག་ཡར་རྒྱས་སུ་ཕྱིན་པ་དང་ཕྱོགས་མཚུངས། སྤྱི་ཚོགས་བྱིངས་ཀྱི་འཚོ་བའི་ཁོར་ཡུག་ཀྱང་ཉིན་རེ་ནས་ཉིན་རེར་སྣེ་མང་ཅན་དང་ཡར་རྒྱས་རང་བཞིན་ཅན་གྱི་ངོ་བོར་འཕོ་འགྱུར་འགྲོ་བཞིན་ཡོད། འཛམ་གླིང་འདིར་ཚན་རིག་རིག་གནས་འདི་ཅི་ཙམ་ཡར་རྒྱས་ཕྱིན་པ་དེ་འབྲེལ་གྱིས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཉིན་རེའི་འཚོ་བ་ཡང་འཕེལ་རྒྱས་དང་བྲེལ་ཟིང་གི་ངོ་བོར་འགྱུར་བཞིན་ཡོད། དེས་ན་གློག་ཀླད་ཀྱི་དྲ་ངོས་བེད་སྤྱོད་བྱེད་པ་ནི་རིག་གཞུང་ཞིབ་འཇུག་དང༌།གནས་ཚུལ་མཁོ་འདོན། ཉམས་མྱོང་བརྗེ་རེས་བཅས་ལ་མྱུར་ཚད་དང་སྤུས་ཚད་གཉིས་ཐད་ཕན་ནུས་སླེབས་ཁྱད་དམིགས་བསལ་ལྡན་པ་ཞིག་ཆགས་ཡོད།, བོད་ཀྱི་རིག་གཞུང་ནི་འཛམ་གླིང་སྟེང་ཐུན་མོང་མ་ཡིན་པའི་རིག་གཞུང་ཁྱད་དུ་འཕགས་པ་ཞིག་ཡིན་ཅིང༌། རིག་གཞུང་འདིས་འཛམ་གླིང་ཡོངས་ལ་ཞི་བདེའི་ཚེ་སྲོག་བསྐྲུན་པར་འབུར་ཐོན་ནུས་ལྡན་གྱི་ཞབས་འདེགས་ཞུ་བཞིན་པར་བརྟེན། འཛམ་གླིང་ཡུལ་ལུང་འདྲ་མིན་ནང་བོད་ཀྱི་ནང་ཆོས་ཤེས་རྟོགས་དང་ཞིབ་འཇུག་གཞི་རྒྱ་ཆེ་རུ་འགྲོ་བཞིན་པར་མ་ཟད། ཉམས་ལེན་དང་སློབ་སྦྱོང་བྱེད་མཁན་ཡང་མང་དུ་འགྲོ་བཞིན་ཡོད་པས། དེང་དུས་སྤྱོད་བེད་ཆེ་ཤོས་ཀྱི་དྲ་ངོས་བརྒྱུད་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་དམིགས་བསལ་དོན་གཉེར་དང་ཉམས་ཞིབ་གནང་མཁན་དག་ལ་དེ་འབྲེལ་གནས་ཚུལ་མཁོ་འདོན་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་ཡོང་རྒྱུར་དམིགས་ཏེ་་ཞུ་འདོད་བྱུང།ང་ཚོ་ད་ཡོད་གཞོན་སྐྱེས་ཡོངས་ཀྱི་ངོས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྩ་བ་རྒྱུན་འཛིན་ཐོག་དུས་རབས་ཉེར་གཅིག་གི་རྗེས་སྙེགས་པའི་བོད་ཕྲུག་ཞིག་ཀྱང་བྱེད་རྒྱུའི་བློ་རྩ་བརྟན་པོ་ཡང་ཡོད་དགོས་ ། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
མཚར་གཏམ། བོད་པ་དང་ཁ་ཆེ།
ཉིན་ཞིག་བོད་པ་ཞིག་དང་ཁ་ཆེ་གྲོགས་པོ་ཞིག་རི་ལི་ནང་ཐུག་པ་རེད། དེ་མ་ཐག་བོད་པ་དེས་ཁ་ཆེ་དེར་རྩེད་མོ་དང་སྦྲགས་ ཨ་ཁྱད་མཚར་། ཁྱེད་ཚོའི་ལྷ་དེ་དངོས་གནས་ཨ་ཆོག་ཐང་ཐང་ཡོད་ས་མ་རེད། ཁྱེད་ཚོས་ལྷ་ཁང་ཕྱི་ནང་ཚང་མར་སྐད་དེ་འདྲ་རྒྱབ་ན་ཡང་ཨ་ལེན་འདེབས་མཁན་མི་འདུག་ག། ལབ་པས། ཁ་ཆེ་དེ་ངོ་ཚོ་པོ་བྱུང་། དེ་ནས་གང་མཚམས་སོང་བ་ན་ཁ་ཆེ་དེས། ཨ་ཁྱད་མཚར། ཁྱེད་ཚོ་བོད་པའི་ལྷ་དེ་ཚོ་དངོས་གནས་མིག་ཡག་པོ་ཡོད་ས་མ་རེད། ཁྱེད་ཚོས་མཆོད་མེ་གཅིག་སྤར་ཡང་ད་དུང་མི་མཐོང་བར་གསུམ་བཞི་སྤར་དགོས་ཀྱི་འདུག་ག། ལབ་པས་བོད་པ་དེ་རེ་ཞིག་ཁ་སྐྱེངས་པོ་ཆགས་པ་རེད། གྲོགས་པོ་བང་སྨྱུག་གིས་བཤད། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།