མཐོ་སྒང་གི་ལས་དབང་ མཁའ་ཡི་ཀློང་ནས་ཉི་ཟེར་དམར་པོའི་ཟེར་མངར་ཆེ།།ས་གཞི་གོར་མོར་འདོད་ཆེན་བདུད་ཀྱི་རླུང་ནག་ཕྱུར།།སྲིད་རྒན་གངས་དཀར་རིན་ཆེན་གཏེར་གྱི་འཚོང་རྫས་སྤྱད།།ཆོས་སྲིད་འོ་ཆུ་ལྷིང་འཇགས་གཤོང་ནས་བཞུར་རྒྱུན་ལྷོད།།མཐོ་རིམ་སྲིད་དབང་ལྐོག་ངན་གར་གྱི་འཁྲབ་ཚན་དར།།སྐྱབས་གནས་དམ་པ་གླིང་གཞན་འགྲོ་དོན་ཁུར་ཆེན་བཞེས།།ཤེས་ལྡན་མཁས་དབང་ནུབ་རྒྱུད་མཁའ་མཐར་འཕུར་ལ་བྲེལ།།གངས་ལྗོངས་མུན་གླིང་རིགས་གནསའདྲེས་མས་རང་གཤིས་ཡལ།།སྐྱེས་གཡའ་སྟག་ཤར་སེར་མིག་མཛེས་མར་ཤི་འཐམ་བྱས།།མཐོ་སྒང་བུ་མོ་རྒྱ་གྲོང་མདའ་ནས་སྨད་འཚོང་གཉེར།།རིགས་རྒྱུད་འདྲེས་མ་ཁ་བ་ཅན་གྱི་རྒྱུད་འཛིན་བཀང་།།གདོང་དམར་རིགས་ཀྱི་གཤིས་བཟང་ཡོད་ཚད་རླུང་ལ་བསྐུར།། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
Category: རིགས་བཀར་མེད།
བོད་ཀྱི་འབྲོག་ཁྱི། tibetan mastiff
ཉིན་གཅིག་རྒྱལ་སའི་གྲོང་ཁྱེར་འདིའི་ནང་ཁྱི་ཚོང་འདུས་ཀྱི་བྱེད་སྒོ་ཞིག་ཏུ་སོང་བ་ཡིན། མཛད་སྒོ་དེའི་ཐོག ཁྱི་བདག་མང་པོ་ཞིག་གིས་རང་ཉིད་ཀྱི་ཁྱི་ལ་མཛེས་ཆས་དང་བཟོ་བལྟ གཙང་སྦྲ་ཡག་ཐག་ཆོད་བྱས་ནས་དཔྱིད་ཀྱི་གནམ་གཤིས་དྲོད་འཇམ་འདིའི་འོག་ཡར་འགྲོ་མར་འགྲོ་བྱེད་བཞིན་འདུག བར་ལྟར་སྒྲིག་པའི་གུར་ཆུང་དེ་དག་གི་ནང་དུ། ཁྱི་ཡི་རྒྱན་ཆ། ཁྱི་ཡི་འདོགས་ཐག ཁ་ཟས། སྨན། རྩེད་ཆས། གདན། ཁང་པ། ཁྱི་ཡི་དེབ་སོགས་བཟོ་གྲྭའི་མི་ཚབ་དང། ལག་ཤེས་མི་སྒེར། ཁྱི་ཡི་སྨན་པ། ཁྱི་ལ་སྦྱོང་བརྡར་སྤྲོད་མཁན་རྣམས་ཀྱིས་རང་ཉིད་ལ་གང་ཡོད་དང་གང་ཤེས། ཁྱི་ཡི་སྐོར་ལ་གང་མཁས་དེ་འགྲེལ་བརྗོད་དང་། ངོ་སྤྲོད། མིག་སྟོན་གནང་གིན་འདུག ནུབ་ཕྱོགས་པ་འདི་ཚོས་ཁྱི་ལ་རིན་ཐང་འདི་འདྲ་སྤྲོད་པ་མཐོང་དུས། རང་ཉིད་སྐྱེས་སའི་བོད་ཀྱི་སྲང་ལམ་དུ་འཁྱམས་པའི་ཁྱི་དང་།དབྱར་ཁའི་ཚ་འོག་དང་དགུན་ཁའི་གྲང་ངར་ཁྲོད་བོད་ཀྱི་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་བོད་ཀྱི་འབྲོག་ཁྱི་རྣམས་དྲན་ཞིང་སེམས་སུ་འཁོར་བ་ན། བོད་ཀྱི་ཁྱི་ཡི་སྐོར་ལ་བྲིས་བའི་རྩོམ་ཡིག་ཁ་ཤས་ཀློག་ཏེ་ཕྱོགས་སྒྲིག་བྱེད་རྒྱུ་བྱུང་། བོད་ཀྱི་འབྲོག་ཁྱི་ནི་གཟུགས་ཕུང་ཆེ་ལ་ཨེ་ཤི་ཡ་དཀྱིལ་གྱི་ས་སྒང་དང་། ཐང་གཤོངས། རི་བོ་ཧི་མ་ལ་ཡའི་འདབས་རོལ་གྱི་མཐོ་སྒང་གི་མི་མང་ལྷན་དུ་འཚོ་སྡོད་བྱེད་བཞིན་ཡོད། འབྲོག་ཁྱི་འདིའི་རྒྱུད་པ་ཁྱི་ཡི་རིགས་གང་ཞིག་ནས་མཆེད་པའི་གཞི་འཛིན་གྱི་ཡིག་ཆ་ཡིད་ཆེས་རུང་བ་ཞིག་མི་འདུག ཡིན་ནའང་། བོད་ཀྱི་འབྲོག་ཁྱི་ལ་དམིགས་གསལ་གྱི་ས་ཆ་ཞིག་ཡོད་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད། དེ་ནི་རི་བོ་ཧི་མ་ལ་ཡའི་འདབས་འབྲེལ་གྱི་ས་ཁུལ་བལ་ཡུལ་དང་། འབྲུག་ཡུལ། བོད་མདོ་དབུས་མཐོ་སྒང་དེ་རེད། བོད་ས་མཐོ་རུ་འཚོ་བའི་འབྲོག་པ་རྣམས་ཀྱིས་འབྲོག་ཁྱི་འདི་སྦྲ་ཁྱིམ་དང་དགོན་སྡེ་སྲུང་ཆེད་སྒོ་འགྲམ་དུ་འདོགས་སྲོལ་ཡོད་ལ། འབྲོག་པ་ཁ་ཤས་ཀྱིས་ཉིན་དཀར་ལྕགས་ཐག་དང་ཀོ་ཐག་གིས་བཏགས་ནས་མཚན་མོ་གློད་ཀྱི་ཡོད། དེ་མིན་འབྲོག་པ་ཚོས་དགུན་ས་ནས་དབྱར་ས་སྤོ་དུས། འབྲོག་ཁྱི་ཤུལ་དུ་བཞག་ཏེ་རྟ་རྒན། གཡག་རྒན། བྱིས་པ་དང་བུད་མེད། སྦྲ་གར་སྲུང་བར་བྱེད། སྤྱི་ལོ་༡༨༠༠་སྟོད་ཙམ་ལ། ཕྱི་གླིང་བ་ཁ་ཤས་བོད་དུ་སླེབས་སྐབས་བོད་ཀྱི་ཁྱི་ཡི་སྐོར་ལ་ཤེས་རྟོགས་དང་དོ་སྣང་ཉུང་ཙམ་ལས་མེད། བོད་དུ་སྔ་མོ་སླེབས་པའི་འགྲུལ་བཞུད་བ་ཚོས་མཐོང་བའི་བོད་ཀྱི་ཁྱི་སྐོར་ལ་ཞིབ་བརྗོད་བྱས་མི་འདུག མཱར་ཁོ་ཕོ་ལོ་ Marco Polo ཡིས་བྲིས་བའི་བོད་ཀྱི་ཁྱི་སྐོར་ལ“ཁྱི་དེ་དག་ནི་བོང་བུ་ལྟར་ཆེན་པོ་འདུག” ཟེར། དུས་རབས་བདུན་པའི་ནང་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་ཚོས་གཟུགས་ཕུང་ཆེ་ལ་གདུག་རྩུབ་ཆེ་བའི་བོད་ཀྱི་འབྲོག་ཁྱི་སྐོར་ལ་བྲིས་ཡོད་པ་ནི་ “བོད་ཀྱི་ཁྱི་མང་པོ་སྤྱིར་བཏང་ཞིག་མིན་པར་ཁྱད་དུ་འཕགས་པ་ཞིག་རེད། དེ་ཚོ་སྤུ་རིང་ལ་ནག་པོ་འོད་གྱི་ལེ་དང་། ཤིན་ཏུ་ཆེལ་ཤེད་སྟོབས་ལྡན་པ། དེ་ཚོ་ཟུག་སྐབས་ཉེན་བརྡ་དང་རྔང་སྐྲག་ཅིག་སྟེར”ཅེས་བཀོད་འདུག སྤྱི་ལོ་༡༨༠༠་ནང་འགོ་གཙོ་སཱ་མུལ ཊུར་ནེར་ Captain Samuel…
དྲ་རྒྱའི་ནང་བོད་ཡིག་བྲིས་ཐུབ་པ་ཇི་ལྟར་བྱེད་དགོས།
གྲོགས་པོ་ཚོ། ཁྱེད་ཀྱིས་གཤམ་ཀྱི་དྲ་རྒྱའི་ནང་ཕེབས་ནས་ཧི་མ་ལ་ཡ་བོད་ཡིག་གློག་ཀླད་ནང་བླུགས་དགོས།http://www.tibettimes.net/index.php?id=115&type=p དེ་ནས་ངས་ལམ་སྟོན་ཞུས་པ་བཞིན་དབྱིན་ཡིག་དེ་ཚོའི་ཐོག་བསྣོན་རོགས།start>>control panel>>regional and language>>>languages>>>detail>>add>> དེ་ནས་སྟོང་པ་གོང་མའི་ནང་chinese (PRC)སྟོང་པ་འོག་མའི་ནང་tibetan(PRC)འདེམས་དགོས། དེ་ནས་>>0Kབསྣོན།ཁྱོད་ཀྱིས་གོང་གི་་རིམ་པ་༥detailཞེས་པའི་ནང་བོད་ཡིག་དང་པོར་བཞག་ན་བོད་ཡིག་དང་པོ་ཡོང་གི་རེད།དེ་ནས་ཁྱེད་རང་ཨང་༥པའི་ནང་སླེབས་ཀྱི་རེད། དེར་ཁྱེད་ཀྱིས་key setting བསྣོན་དགོས། swich to chinese (prc)ཞེས་པ་དེ་འདེམས་ནས་change key sequenceཞེས་པ་བསྣོན། enable key sequence ལ་འགྲིགས་རྟགས་རྒྱོབ། དེ་ནས་oKཔསྣོན། ལེགས་པར་ཚར་སོང་། དེ་ཁྱོད་ཀྱིས་བོད་ག་དུས་བསྐྱོན་འདོད་ན་altདང་shiftདང་ཨང་0བསྣོན་དགོས། ར་ས་ཕོ་ཉས། བང་ཆེན་དྲ་ཚིག་ལས་འདིར་ཕབ། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
འཚབ་འཚུབ།
ངའི་ཕྲག་པའི་སྟེང་གི་ལྕི་ཤུགས་ཆེ་བའི་ཁུར་པོ་དེས།རྟག་ཏུ་ང་རང་དལ་ལྷོད་ཀྱི་ལྷ་ལམ་དུ་རྩེན་པར་མི་འཇུག་ཞིང་།ཉིན་རེ་ནས་ཉིན་རེར་འཚབ་འཚུབ་ཀྱི་རླུང་བུ་ལྡང་བར་བྱེད། ཨེ་མ། འཇམ་ལྡིང་ལྡིང་ལྷིང་འཇགས་ཀྱི་སྟོན་མཇུག་དེར་ཅི་འདྲའི་མི་སྐྱིད་པ་ཞིག་ཨང་།རང་འདོད་ཀྱི་གང་དགར་འདའ་ཆོག་ལ། ལྕི་གནོན་གྱི་ཁུར་བུ་ཡང་རེ་ཞིག་ས་སྟེང་དུ་བཞག་ཆཽག། ར་ས་ཕོ་ཉས། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
གངས་དཀར་སེམས།
ལྗིད་ཆགས་གངས་དཀར་བཙོག་དྲིས་སྦག་པ་དང༌།དངས་གཙང་སྤང་ལྗོངས་སྙིང་ཆུང་བཏོན་ནས་བཟུང།རང་དབང་བརླག་པའི་སྤྲ་ཚའི་སྤུན་ཟླའི་སྲོགབྱེ་མའི་རླུང་ལ་བསྐུར་བའི་སྐྱོ་ངལ་ལྕི། ཁ་བ་བུ་ཡུག་འཚུབ་པའི་ལམ་འཕྲང་ནས།དཀའ་སྡུག་རྡོག་པས་རྫིས་པའི་གཏམ་རྒྱུད་མང༌།རང་དབང་བླ་སྲོག་བར་དབྱིངས་ལྡིང་དང་ལྷན།སེམས་ཀྱི་རྟ་བདུན་དབང་པོར་ཕྱོགས་ལ་སྤྲོ། བློ་ཡིས་དཔྱོད་ཤེས་རིག་པའི་གནས་ལ་བརྩོན།བདེན་པོའི་འོད་ཟེར་འཆང་མཁན་རེ་བའི་ཚོགས།བསམ་འདུན་གཅིག་ཏུ་སྒྲིལ་བའི་སྤུན་ཟླ་ཀུན།བརྟེན་དུ་འཛོམས་པའི་སྨོན་འདུན་སྙིང་ནས་ཞུ།།གངས་ལྷ་མོས། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།