ཁ་སང་ནོར་ཝེ་ཡི་གྲོང་ཁྱེར་ཨོསེ་ལོ་ནང་འབར་རྫས་འགད་འཐོར་གྱིས་མི་༧ བསད་པའི་རྗེས་སུ། ནོར་ཝེ་ཡི་ཨུ་ཋོ་ཡ་Utoeyaཞེས་པའི་མཚོ་གླིང་ཞིག་ཏུ་ཡོད་པའི་གཞོན་སྐྱེས་ཀྱི་སྡོད་སྒར་(གླིང་ཁ་གཏོང་མཁན་རུ་ཁག)ཞིག་ལ་མི་ཞིག་གིས་གང་བྱུང་དུ་མེ་མདའ་རྒྱབ་པ་ལས་མི་གྲངས་༨༤ རྐྱེན་ལམ་དུ་བཏང་འདུག ཡིན་ནའང་ཉེན་རྟོག་པའི་མི་དེ་བཟུང་ནས་དྲི་རྩད་བྱ་ཡི་ཡོད་འདུགདཔང་མིས་བརྗོད་དོན་ལ། ལག་ཏུ་འཕྲུལ་གྱི་མེ་མདའ་ཁྱེར་བའི་མི་དེས་དང་པོ་མཚོ་གླིང་གི་ཐོག་ལ་ཡོད་པའི་མི་ཚོར་མེ་མདའ་རྒྱབ་པ་དང་། དེའི་རྗེས་ཆུའི་ནང་ཡོད་པའི་མི་ཚོགས་ཀྱི་སྟེང་མེ་མདའ་རྒྱབ་སོང་ཟེར། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
Category: གསར་འགྱུར།
མཇའ་འཕྲད།
༸གོང་ས་མཆོག་དང་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཕོ་བྲང་དཀར་པོའི་ས་བཀྲ་ཁང་ནང་༢༠༡༡། ༧། ༡༦། ཉིན་མཇལ་འཕྲད་གནང་བ། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
རྒྱ་གར་གྱི་གྲོང་ཁྱེར་མུམ་བྷའི་ནང་འབར་རྫས་འགས་འཐོར།
ཁ་སེང་དགོང་དྲོ་ཚོུད་༧ མ་ཟིན་ཙམ་ལ་རྒྱ་གར་གྱི་རྒྱལ་ས་མུམ་བྷའི་བྱ་བའི་ནང་ས་གནས་མི་འདྲ་བ་གསུམ་ལ་འབར་རྫས་བཀས་ནས་མི་གྲངས་༡༨ ལ་སྲོག་སྐྱོན་དང་ ༡༣༡ ལྷག་པར་རྨས་སྐྱོན་བྱུང་འདུག འབར་རྫས་འགས་འཐོར་ཆེ་ཤོས་བྱུང་ས་ནི་ཨ་པེ་ར་ཧ་ཝོསེ་Opera house སྟེ་དུས་རྒྱུན་རྡོ་རྗེ་ཕ་ལམ་ཁྲོམ་ར་ཡིན། དཔུང་མིས་བརྗོད་ཡག་ལ། ང་ཚོ་མར་འདོན་དུས་ས་ཆ་ཚང་མ་དུ་ནག་གིས་དཁྲིགས་པ་དང་། རྒྱ་ལམ་སྟེང་མིའི་ཕུང་པོ་དང་ཁྲག་གིས་ཁེངས་ཡོད་པ་དང་། གང་སར་ལག་པ་དང་དཔུང་པ་རྐང་པ་མེད་པའི་མི་མཐོང་རྒྱུ་འདུག་ཟེར། འབར་རྫས་བཀས་སའི་ས་གནས་གཞན་ནི་དྷ་དྷར་མངའ་ཁུངས་ཀྱི་གསེར་གྱི་ཁྲོམ་ར་དང་། ཛ་བེ་རི་ཁྲོམ་ར་Zaveri bazaarགཉིས་ཡིན། རྒྱ་གར་གྱི་ནང་སྲིད་བློན་ཆེན་ཅི་དྷམ་བྷ་རམ་chidambaram གྱིས་བྱ་ངན་དེ་འཇིགས་སྐུལ་ཚོགས་པ་ཞིག་གིས་བྱས་པར་ཡིད་ཆེས་ཡོད་པ་དང་། འབར་རྫས་དེ་ཚོ་སྐུད་མེད་འཕྲུལ་ཆས་ཀྱིས་བཀས་པ་མིན་པར་བརྗོད་པ་དང་། ཚོད་དཔག་གིས་ཚུལ་དུ། ལས་ངན་དེ་ལྟར་བྱེད་མཁན་དེ་ཚོས་ལས་ཀ་ཚང་མ་ལྐོག་ལྐོག་ཞེ་དྲག་བྱས་པར་སོང་། ཕན་ཚུན་འབྲེལ་བ་དེ་ཙམ་མེད་པའི་ཚོགས་པ་ཆུང་ཆུང་ཞིག་གིས་བྱས་པ་ཡིན་སྲིད་པར་བརྗོད་འདུག ད་བར་འབར་རྫས་གསུམ་པོ་དེ་རྒྱབ་མཁན་ང་ཚོ་ཡིན་ཞེས་ཚོགས་པ་སུ་ཡང་འཐོན་མི་འདུག གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
དྷ་སའི་ཤིང་སྒམ་ནང་གི་མི་མཇུག་སྒྲིལ་བ།
འདས་མ་ཐག་པའི་ལོ་མཇུག་ཏུ་བོད་པའི་རོགས་རམ་ཚོགས་པས་རོགས་པ་བྱེད་བཞིན་པའི་པར།སྔོན་མ་མི་མང་པོས་རྩེད་མོ་དང་སྦྲགས། གཙང་སྦྲ་མ་བྱས་ན་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་ན་རྡ་རམ་ས་ལའི་ཤིང་སྒམ་ནང་གི་མི་དེ་སྔ་ས་ནས་གྲོངས་ཚར་ཡོད་རྒྱུ་རེད། ཅེས་བརྗོད་བཞིན་པའི་ཤིང་སྒམ་ནང་གི་མི་དེ་འདི་ཟླའི་ཚེས་༡༩ ཉིན་གྲོངས་འདུག མི་དེ་ནི་རྡ་སར་འགྲོ་མྱོང་མཁན་ཚང་མའི་ངོ་ཤེས་པ་དང་དོ་སྣང་བྱེད་མྱོང་བ་ཞིག་རེད། མི་དེས་མི་གཞན་ལ་དེ་ཙམ་གྱི་སྐད་ཆ་བཤད་ཀྱི་མེད་པ་དང་རྟག་ཏུ་ལམ་མཐའི་ཤིང་ཁང་སྒམ་འདྲ་པོ་གྲུ་བཞི་དེའི་ནང་གཙང་སྦྲ་མེད་པར་བསྡད་ཀྱི་ཡོད། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
སདྡྱི་ས་ཧི་བྷ་བྷ་ཡི་སྒེར་གྱི་ཁང་ཆུང་ནས་གསེར་ཀི་ལོ་༩༨ དང་དངུལ་དམར་ཧིན་སྒོར་ས་ཡ་༡༢ འཐོན་པ།
སྤྱི་ཟླ་༧ ཚེས་ ༡༧ ཉིན་ཚད་ལྡན་ལས་སྣེ་ཞིག་གིས་བརྗོད་གསལ་ལ་ཉེ་ལམ་འདས་པའི་ས་ཧི་བྷ་བྷའི་རང་སྒེར་ཁང་ཆུང་ཡ་ཇུར་ལྷ་ཁང་ནང་ཡོད་པ་ལས་གསེར་ཀི་ལོ་བརྒྱ་མ་ཟིན་ཙམ་དང་དངུལ་ས་ཡ་༡༢ འཐོན་པ་བརྗོད་འདུག དེ་ཡང་། ས་ཧི་བྷ་བྷའི་ཐེབས་རྩ་ཚོགས་པས་ཡ་ཇུར་ལྷ་ཁང་གི་སྒོ་ལྕགས་ཕྱེ་བའི་ཕྱི་དྲོ་ས་ཧི་བྷ་བྷའི་ཚ་བོ་ཞིག་གིས་གསར་འགོད་པར་ཁོང་ཚོར་དེར་ནས་གསེར་དང་དངུལ་གོང་འཁོད་དེ་དག་དང་དེ་བཞིན་དངུལ་ཀི་ལོ་༣༠༧ རྙེད་སོང་ཞེས་བརྗོད་འདུག དངུལ་དམར་དེ་ཚོ་རྒྱ་གར་མངའ་སྡེའི་དངུལ་ཁང་དུ་འཇུག་གི་ཡིན་ཟེར་འདུག གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།