ཁ་སེང་དགོང་དྲོ་ཚོུད་༧ མ་ཟིན་ཙམ་ལ་རྒྱ་གར་གྱི་རྒྱལ་ས་མུམ་བྷའི་བྱ་བའི་ནང་ས་གནས་མི་འདྲ་བ་གསུམ་ལ་འབར་རྫས་བཀས་ནས་མི་གྲངས་༡༨ ལ་སྲོག་སྐྱོན་དང་ ༡༣༡ ལྷག་པར་རྨས་སྐྱོན་བྱུང་འདུག
འབར་རྫས་འགས་འཐོར་ཆེ་ཤོས་བྱུང་ས་ནི་ཨ་པེ་ར་ཧ་ཝོསེ་Opera house སྟེ་དུས་རྒྱུན་རྡོ་རྗེ་ཕ་ལམ་ཁྲོམ་ར་ཡིན། དཔུང་མིས་བརྗོད་ཡག་ལ། ང་ཚོ་མར་འདོན་དུས་ས་ཆ་ཚང་མ་དུ་ནག་གིས་དཁྲིགས་པ་དང་། རྒྱ་ལམ་སྟེང་མིའི་ཕུང་པོ་དང་ཁྲག་གིས་ཁེངས་ཡོད་པ་དང་། གང་སར་ལག་པ་དང་དཔུང་པ་རྐང་པ་མེད་པའི་མི་མཐོང་རྒྱུ་འདུག་ཟེར།
འབར་རྫས་བཀས་སའི་ས་གནས་གཞན་ནི་དྷ་དྷར་མངའ་ཁུངས་ཀྱི་གསེར་གྱི་ཁྲོམ་ར་དང་། ཛ་བེ་རི་ཁྲོམ་ར་Zaveri bazaarགཉིས་ཡིན།
རྒྱ་གར་གྱི་ནང་སྲིད་བློན་ཆེན་ཅི་དྷམ་བྷ་རམ་chidambaram གྱིས་བྱ་ངན་དེ་འཇིགས་སྐུལ་ཚོགས་པ་ཞིག་གིས་བྱས་པར་ཡིད་ཆེས་ཡོད་པ་དང་། འབར་རྫས་དེ་ཚོ་སྐུད་མེད་འཕྲུལ་ཆས་ཀྱིས་བཀས་པ་མིན་པར་བརྗོད་པ་དང་། ཚོད་དཔག་གིས་ཚུལ་དུ། ལས་ངན་དེ་ལྟར་བྱེད་མཁན་དེ་ཚོས་ལས་ཀ་ཚང་མ་ལྐོག་ལྐོག་ཞེ་དྲག་བྱས་པར་སོང་། ཕན་ཚུན་འབྲེལ་བ་དེ་ཙམ་མེད་པའི་ཚོགས་པ་ཆུང་ཆུང་ཞིག་གིས་བྱས་པ་ཡིན་སྲིད་པར་བརྗོད་འདུག ད་བར་འབར་རྫས་གསུམ་པོ་དེ་རྒྱབ་མཁན་ང་ཚོ་ཡིན་ཞེས་ཚོགས་པ་སུ་ཡང་འཐོན་མི་འདུག