ཨ་ཡེ་ཕོན་དང་ཨ་ཡེ་པེཊེ་དང་ཨེན་ཌོའི་ཊེ་Android མཉེན་ཆས་ཅན་གྱི་ཁ་པར་སོགས་བེད་སྤྱོད་བྱ་མཁན་རྣམས་ལ། གལ་ཏེ་ཁྱེད་རྣམ་པས་ Tunein Radio ཞེས་པའི་མཉེན་ཆས་དེ་སོ་སོའི་གློག་ཆས་ནང་བཅུགས་གནང་ན། བོད་སྐད་རླུང་འཕྲིན་ཁག་ཐད་ཀར་གསན་ཐུབ་ཀྱི་འདུགདེ་ཡང་མཉེན་ཆས་དེའི་ནང་ཞུགས་པའི་རྗེས། RFA 4 ཞེས་པའི་མིང་བྱང་ཐོག་བོད་སྐད་ཀྱི་ཨེ་ཤེའི་རང་དབང་རླུང་འཕྲིན་དང་། Voice of America Tibetan ཞེས་པའི་མིང་བྱང་ཐོག་བོད་སྐད་ཀྱི་ཨ་རིའི་རྒྱང་སྲིད་རླུང་འཕྲིན་གསན་ཐུབ་ཀྱི་འདུག་ལ། འཚོལ་སའི་ནང་tibetan བྲིས་ནས་བཙལ་ན་བོད་ནང་གི་བོད་སྐད་རླུང་འཕྲིན་དེ་འདྲ་ཉན་ཐུབ་ཀྱི་འདུག གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
Category: གསར་འགྱུར།
གསར་འགྱུར་ཁག་གསུམ།
ཡུ་ཕེ་ཨ་རྐང་སྤོལ་རྩེད་འགྲན་གྱི་ཐ་མའི་རྒྱལ་ཁ་བྷར་སི་ལོ་ན་ལ་མེན་ཅེ་སེ་ཊར་་ཡུ་ནི་ཊེ་ལག་པ་ནས་༣ དང་ ༡ གིས་ཐོབ་ཡོད་འདུག ཉེ་ཆར་འཇར་མ་ནིའི་ནང་མི་༡༣ ཐམ་པ་ཀ་ཀ་རི་ཟོས་པའི་རྐྱེན་འདས་སུ་སོང་བས། འཇར་མན་གཞུང་གིས་ནད་འབུ་དེ་དག་གི་འབྱུང་ཁུངས་རྩད་མ་ཆོད་བར་ཀ་ཀ་རི་ཟ་རྒྱུ་མེད་པའི་ཉེན་བརྡ་བཏང་འདུག རྒྱ་གར་ཨ་སྨ་མངའ་ཁུལ་དུ་ཆང་སར་བསྐྱོད་མཁན་གྱི་འགྲུལ་འཁོར་ཞིག་ཟམ་པའི་སྟེང་ནས་ཟགས་པ་ལས་མི་གྲངས་༢༥ འདས་གྲོངས་སུ་གྱུར་འདུག གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
ལྗི་༨ G8 བཀའ་གྲོས།
ཧྥ་རེན་སིར་ཡོད་པའི་མཛེས་ལྗོངས་ཌེའུ་ཝིལ་ལེ་ཞེས་པའི་གྲོང་ཁྱེར་དུ་འཛམ་གླིང་ཐོག་གི་དཔོན་རིགས་རྣམས་ལྗི་༨ ཞེས་པའི་འབྱོར་ལྡན་རྒྱལ་ཁབ་ཚོའི་ཚོགས་སྡེ་དེའི་བཀའ་གྲོས་གནང་ཆེད་འཛོམས་གནང་འདུག ད་ཐེངས། ༡ ཨ་རབ་ཀྱི་སྒེར་ལངས་༼ལི་བྷི་ཡ་སོགས་༽དང་། ༢ ཉི་ཧོང་གི་རྡུལ་ཕྲན་འཛགས་པའི་ཐད་བཀའ་གྲོས་གནང་གི་ཡོད་འདུགལྗི་༨ ནི་ཨ་མི་རི་ཀ ཨུ་རུ་སུ། དབྱིན་ཇི། ཧྥ་རེན་སི། འཇར་མ་ནི། ཨེ་ཊ་ལི། ཉི་ཧོང་། ཁེ་ན་ཌ་བཅས་ལས་སྒྲུབ་པའི་ཚོགས་པ་ཞིག་ཡིན། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
ཟླ་བ་བཅུ་པའི་ནང་འབྲུག་རྒྱལ་གྱི་ཆང་ས།
འབྲུག་གི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་འདི་ལོའི་སྤྱི་ཟླ་༡༠ ནང་ཁོང་གི་མ་འོངས་པའི་མདུན་མ་སློབ་ཕྲུག་རྗེ་བཙུན་པད་མ་ཟེར་བ་དང་ཆང་ས་རྒྱག་རྒྱུ་ཡིན་པའི་གནས་ཚུལ་འདོན་འདུག གནས་ཚུལ་ཡོངས་ཁུངས། འབྲུག་རྒྱང་གྲགས། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
༸གོང་ས་མཆོག་དང་སྲིད་ཟུར་བྷུ་ཤུ་མཇལ་འཕྲད་གནང་བ།
ཁ་སང་ཚེས་༡༠ ཉིན་༸གོང་ས་མཆོག་དྷ་ལ་སེ་ཞེས་པའི་ཨ་མི་རི་ཀའི་མངའ་ཁུངས་སུ་ཡོད་པའི་ཨ་མི་རི་ཀའི་སྲིད་ཟུར་ཇོར་ཇེ་ཌབླུ་བྷུ་ཤུ་དང་ཁོང་གི་བཟའ་ཟླ་ལའུ་ར་བྷུ་ཤུའི་ནང་དུ་ཆིབས་བསྒྱུར་གནང་ནས་མཇལ་འཕྲད་བསྐྱངས་དེར་ཚོུད་གཅིག་ཙམ་བཞུགས་ཡོད་འདུག སྲིད་ཟུར་བྷུ་ཤུས་༸གོང་ས་མཆོག་རྗེས་འདིར་ཕེབས་པར་གུས་བརྩི་ཞུ་ཡི་ཡོད་གསུངས་པ་དང་། ༸གོང་ས་མཆོག་ནས་བྷུ་ཤུ་དང་ཡང་བསྐྱར་མཇལ་མདུན་ཡོད་པ་དང་ཐུགས་གཉེས་པོས་བརྩེ་བའི་གྲོགས་པོ་ཞེས་ཀྱང་འབོད་གནང་འདུག དེར་མ་ཟད་བྷུ་ཤུའི་མང་གཙོ་འདེམས་སྒྲུག་ཚོགས་པར་ཡང་ཆིབས་བསྒྱུར་མཛད་འདུག སྐུ་པར་གཞན་ཁག་གཟིགས། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།