ཡུ་ཕེ་ཨ་རྐང་སྤོལ་རྩེད་འགྲན་གྱི་ཐ་མའི་རྒྱལ་ཁ་བྷར་སི་ལོ་ན་ལ་མེན་ཅེ་སེ་ཊར་་ཡུ་ནི་ཊེ་ལག་པ་ནས་༣ དང་ ༡ གིས་ཐོབ་ཡོད་འདུག
ཉེ་ཆར་འཇར་མ་ནིའི་ནང་མི་༡༣ ཐམ་པ་ཀ་ཀ་རི་ཟོས་པའི་རྐྱེན་འདས་སུ་སོང་བས། འཇར་མན་གཞུང་གིས་ནད་འབུ་དེ་དག་གི་འབྱུང་ཁུངས་རྩད་མ་ཆོད་བར་ཀ་ཀ་རི་ཟ་རྒྱུ་མེད་པའི་ཉེན་བརྡ་བཏང་འདུག
རྒྱ་གར་ཨ་སྨ་མངའ་ཁུལ་དུ་ཆང་སར་བསྐྱོད་མཁན་གྱི་འགྲུལ་འཁོར་ཞིག་ཟམ་པའི་སྟེང་ནས་ཟགས་པ་ལས་མི་གྲངས་༢༥ འདས་གྲོངས་སུ་གྱུར་འདུག
དེ་རིང་གནས་ཚུལ་འཐོན་གསལ་ལྟར་ན། མཇར་མེན་ནང་བྱུང་བའི་ཀ་ཀུམ་བྷར་རམ་ཀ་ཀ་རིའི་ནད་ཡམས་དེ་ནི་ནད་འབུ་གསར་པ་ཞིག་ལས་བྱུང་བ་ཡིན་པར་ངོས་འཛིན་བྱས་འདུག ད་བར་ནད་ཡམས་དེ་མི་གྲངས་༡༥༠༠ ལ་ཕོག་ཡོད་པ་དང་མི་གྲངས་༡༨ འདས་གྲོངས་སུ་སོང་ཟིན་འདུག