གངས་དཔལ་ནས།
ཁྱེད་ཉིད་ཀྱིས་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་དུ་ཆ་འཕྲིན་ལག་རྩལ་ཐད་གནང་བའི་མཛད་རྗེས་ལ་ནམ་ཡང་ཡི་རངས་ཡོད་པ་མ་ཟད། མུ་མཐུད་དུ་འབྲས་བུ་གཡུར་དུ་ཟ་བ་ལེན་པའི་ཡིད་ཆེས་དང་བཅས། གནམ་ལོ་གསར་བར་བཀྲ་ཤིས་བདེ་ལེགས་ཞུ།
ཉེ་ལམ་གཞིས་ཀྱི་གསར་ལམ་ཁག་ནས་སྨོན་ལམ་ཡིག་གཟུགས་Android Samsung Mobile མ་ལག་ནང་ལེགས་འགྲུབ་བྱུང་འདུག་པ་མ་ཟད། Android Market རྒྱུད་ནས་ཕབ་ལེན་བྱ་ཐུབ་པའི་སྐོར་གྱི་གནས་ཚུལ་མཇལ་པས་དགའ་པོ་ཞེ་དྲག་བྱུང་མོད། འོན་ཀྱང་བདག་གི་ཁ་པར་Samsung I9108(移动版)ཀྲུང་གི་ཡིས་ཏུང་པར་མ་ལ་མཚོན་ན། རྩིས་འཕྲུལ་ནས་Android Marketདྲ་ཚིགས་སུ་མཉེན་ཆས་ཕབ་ལེན་བྱེད་སྐབས། གསལ་བརྡ་༼དཔར་རིས་ad01.jpg༽འདི་ལྟར་ཐོན་བྱུང་། བདག་གི་ཁ་པར་ཐོག་gmailཐོ་འགོད་བྱེད་མི་ཐུབ་ལ་Android Marketམཉེན་ཆས་ཀྱང་ཁ་འབྱེད་ཐུབ་ཀྱི་མི་འདུག རྒྱ་ནག་ནང་གི་Samsung Mobile ཁ་པར་མང་ཆེས་googleཚང་གི་མཉེན་ཆས་ཚང་མ་བཀག་སྡོམ་བྱས་གྱི་གནས་ཚུལ་འདི་འཕྲད་ཀྱི་འདུག་པས། དྲ་ཚིགས་འདྲ་མིན་མང་པོ་ནས་བཙལ་རུང་མཉེན་ཆས་འདི་གསུམ་དངོས་སུ་ཕབ་ལེན་བྱས་ཏེ་བེད་སྤྱོད་ལེགས་འགྲུབ་བྱུང་ཡོད་པའི་གནས་ཚུལ་ཅི་ཡང་མ་རྙེད་པས། Android Marketདྲ་ཚིགས་མ་ཡིན་པའི་གཞན་ནས་མཉེན་ཆས་འདི་རིགས་ཕབ་ལེན་བྱེད་ཐབས་སྐོར་གྱི་མཛུབ་སྟོན་རེ་ཡོད་པར་མཁྱེན་ཞུ། སྨོན་ལམ་ཁ་པར་བོད་ཡིག་དང་ཚིག་མཛོད་འདི་དག་དངོས་སུ་ཕབ་ལེན་བྱས་ཏེ་སུས་བེད་སྤྱོད་བཏང་ཡོད་ཨང་། བདག་གིས་ཞུ་རྒྱུར—-གཞིས་ཀྱི་དྲ་ཚིགས་མང་པོ་ཞིག་༼དཔེར་ནgoogleཚང་གི་gmailདང་གློག་རྡུལ་ཚོང་ར་Android Marketལྟ་བུ་Samsung Mobile ཁ་པར་གང་མང་ནས་བེད་སྤྱོད་གཏོང་མི་ཐུབ།༽བཀག་རྒྱས་ཁ་འབྱེད་ཐུབ་ཀྱི་མེད་པས། རྒྱ་ནག་ཏུ་སྤྱོད་ཆེ་བའི་91ཁ་པར་ལས་རོགས་(91手机助手) དང་HiMarket(安卓市场)ལྟ་བུ་ཞིག་ནས་གོང་གི་མཉེན་ཆས་འདི་དག་ཕབ་ལེན་བྱེད་རྒྱུ་བྱུང་ན་ཅི་མ་རུང་། ཉེ་ལམ་གསར་འཕྲིན་དག་ན་ཕབ་ལེན་དང་ནང་འཇུག་སོགས་སུ་འཕྲད་པའི་གནས་ཚུལ་ཅི་ཡང་མ་མཐོང་མོད། བདག་ལ་མཚོན་ན་སྨོན་ལམ་ལགས་ཀྱི་རིན་མེད་མཉེན་ཆས་འདི་གསུམ་ཕབ་ལེན་བྱེད་མ་ཐུབ་པའི་དཀལ་ངལ་དང་པོར་བྱུང་། གལ་ཏེ་ཕབ་ལེན་ལེགས་གྲུབ་བྱུང་ན་ནི་མུ་མཐུད་དུ་ནང་འཇུག་དང་བེད་སྤྱོད་སོགས་གནས་ཚུལ་ཅི་རིགས་བོད་ཡིག་ཆ་འཕྲིན་དུས་རབས་ཀྱི་འཕེལ་རྒྱས་ལ་ཕན་ཅུང་ཙམ་རེ་ཐོག་པའི་ཀུན་སློང་གིས་སྤུན་ཟླ་རྣམ་པའི་སྤྱན་ལམ་དུ་འབུལ་འདོད་ཡོད།
མཉེན་ཆས་གསུམ་པོ་ལེགས་པར་ཕབ་ལེན་བྱས་ཐུབ་ཀྱི་འདུག་པ་མ་ཟད། བོད་ཡིག་བྲིས་ཀློག་བདེ་བླག་ཐུབ་ཀྱི་འདུག ཁོ་བོས་android market ཁོ་ན་མ་གཏོགས། གཞན་ནས་མཉེན་ཆས་དེ་དག་ད་བར་ཕབ་ལེན་བྱས་མེད། རྗེས་སུ་དེ་ལྟར་ཡོད་པ་ཤེས་འཕྲལ་གནས་ཚུལ་ཕུལ་མཆོག
གྲོགས་པོ་རྒམ་པ་ལགས།སྤྱིར་བཏང་རྒྱ་ནག་གི་ཁ་དཔར་གང་ུང་གི་ནང་དུ་བོད་ཡིག་ཚིག་མཾཛོད་ཕབ་ལེན་བྱེད་ཐུབ་གི་ཡོད་དམ།མི་ཁ་ཤས་ཀྱིས་བཤད་ཚུལ་ལྟར་ན་སྤྱིར་བཏང་དུ་ཕབ་ལེན་བྱས་འདུག་ཟེར་གི་འདུག་པས།ལན་ཁ་གསལ་ཞིག་གསུང་རོགས།ཐུགས་རྗེ་ཆེ།
samsang ཁ་པར་ལས་གཞན་པའི་ལག་ཆྱེར་ཁ་པར་ནང་དུ་ཕབ་ལེན་བྱེད་ཐུབ་གི་ཡོད་དམ།གལ་སྲིད་ཁ་པར་གཞན་དག་གི་ནང་དུ་སྨོན་ལམ་ཚིག་མཛོད་བེད་སྤྱོད་གཏོངཐུབ་གི་ཡོད་མེད་དང་samsang་ནང་དུ་ཡང་ཇི་ལྟར་ཕབ་ལེན་བྱ་དགོས་ཚུལ་ལན་ཁ་གསལ་ཞིག་གསུང་རོགས་།ངས་མཉེན་ཆས་དེ་ཕབ་ལེན་བྱེད་ཐབས་ཇི་འདྲ་བྱས་ཀྱང་ལམ་ལྷུང་མ་བྱུང་བས་ཐབས་ཚུལ་ཡང་དག་ཞིག་གསུང་རྒྱུའི་རེ་བ་ཆེ།
ཕབ་ལེན་བྱེད་སྟངས་ཆ་ཚང་ཟུར་དེ་ཀར་བྲིས་འདུག
ཕབ་ལེན་བྱེད་ཐུབ་ཀྱང་ samsangནང་དུ་བོད་ཡིག་ཡིག་གཟུགས་ཡག་པོ་ཤར་ཐུབ་་ཀྱིན་མི་འདུག དེའི་ཐད་ལ་ཇི་ལྟར་བྱ་དགོས་མིན་ལམ་སྟོན་གནང་རོགས་ཞུ།