དགེ༵ལེགས་ཡོན་ཏན་བྱེ་བ་འབུམ་གྱིས་གཏམས།
ལུག༵ས་བཟང་འཛིན་མཁས་བློ་གསལ་འདུས་པའི་སྡེ།
རྒྱུག༵ས་ཀྱི་རྣམ་དཀར་ཐོས་བསམ་བགྱིས་པའི་དཔལ།
སྤྲོད༵་པའི་ངོ་མཚར་བྱ་བ་འཛམ་གླིང་རྒྱན།
ཕྱི་ཟླ་དགུ་བའི་ཚེས་གཅིག་ནས་སེར་ར་ཆོས་ལྒར་དུ་དགེ་ལུགས་རྒྱུགས་སྤྲོད་དབུ་འཛུགས་གནང་རྒྱུ་ཡིན་འདུག་ན།
རྒྱུགས་ལ་ཕེབས་པའི་དགེ་འདུན་ཡོངས་ལ་མི་འདོད་པའི་ཉེར་འཚེ་ཞི་ནས་རྒྱུགས་སྤྲོད་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུས།