༢༠༠༩ལོའི་ཉེ་ཆར་ཟླ་ཤས་རིང་ཀུན་དགའི་གླུ་གཞས་གསར་པ་ཆེད་བསྒྲིགས་བྱེད་བཞིན་ཡོད་། མི་རིང་བར་རྒྱ་ཆེའི་སྤུན་ཟླ་རྣམས་ཀྱི་རྣ་བའི་བདུད་རྩིར་ལོངས་སྤྱོད་ཆོག་མུས་ཡིན་།
དྲི་མེད་སྐྱེས་མཆོག།ཀུན་དགའ་ཕུན་ཚོགས་གངས་རིའི་བྱང་ཕྱོགས་འགྲོ་བའི་མུན་སེལ།
སྐྱེས་མཆོག་དྲི་མེད་ཟླ་བའི་འོད་དཀར།
ཁྱོད་ཉིད་བལྟམས་ཚེ་སེམས་པ་མང་པོས།
ལུང་བསྟན་ཤེས་བརྗོད་ངོ་མཚར་བླ་མ།
གཞོན་ནུས་དུས་ནས་རྒྱལ་སྲས་རང་གཤིས།
འགྲོ་ལ་ཐུགས་བརྩེ་མ་འོངས་མཁྱེན་སོགས།
ཡ་མཚན་རྣམ་ཐར་བརྗོད་ཀྱང་མི་ཚར།
སྐྱེ་དགུའི་དེད་དཔོན་བདག་གི་བླ་མ།
མཁྱིན་ནོ་མཁྱེན་ནོ་དྲིན་ཆེན་བླ་མ།
སྐྱེས་མཆོག་ཟླ་བའི་འོད་དཀར་མཁྱེན་ནོ།
མཁྱིན་ནོ་མཁྱེན་ནོ་རྩ་བའི་བླ་མ།
མི་བཤིག་རྡོ་རྗེའི་ཁྲི་ལ་བཞུགས་རོགས།
བསྟན་འགྲོའི་དོན་དུ་རྡོ་རྗེའི་དམ་བཅའ།
དུས་ངན་རླུང་གིས་ལན་བརྒྱ་རྒོལ་ཡང་།
བ་སྤུ་ཙམ་ཞིག་གཡོ་བར་མ་ནུས།
བསྟན་པའི་སྲོག་ཤིང་དཔལ་ལྡན་བླ་མ།
དུ་ཁའི་མུན་ཁྲོད་ལྷུང་བའི་བདག་སོགས།
ཐུགས་རྗེ་ ཟླ་གཞོན་འོད་ཟེར་ འབུམ་གྱིས།
ཡང་དག་བདེ་བའི་ལམ་བཟང་སྟོན་ཏེ།
བྱང་ཆུབ་བར་དུ་ཁྱོད་ཀྱིས་སྐྱོང་མཛོད།
མཁྱིན་ནོ་མཁྱེན་ནོ་དྲིན་ཆེན་བླ་མ།
སྐྱེས་མཆོག་ཟླ་བའི་འོད་དཀར་མཁྱེན་ནོ།
མཁྱིན་ནོ་མཁྱེན་ནོ་རྩ་བའི་བླ་མ།
མི་བཤིག་རྡོ་རྗེའི་ཁྲི་ལ་བཞུགས་རོགས།
མི་བཤིག་རྡོ་རྗེའི་ཁྲི་ལ་བཞུགས་རོགས།
མི་བཤིག་རྡོ་རྗེའི་ཁྲི་ལ་བཞུགས་རོགས།
དྲི་མེད་སྐྱེས་མཆོག།ཀུན་དགའ་ཕུན་ཚོགས་གངས་རིའི་བྱང་ཕྱོགས་འགྲོ་བའི་མུན་སེལ།
སྐྱེས་མཆོག་དྲི་མེད་ཟླ་བའི་འོད་དཀར།
ཁྱོད་ཉིད་བལྟམས་ཚེ་སེམས་པ་མང་པོས།
ལུང་བསྟན་ཤེས་བརྗོད་ངོ་མཚར་བླ་མ།
གཞོན་ནུས་དུས་ནས་རྒྱལ་སྲས་རང་གཤིས།
འགྲོ་ལ་ཐུགས་བརྩེ་མ་འོངས་མཁྱེན་སོགས།
ཡ་མཚན་རྣམ་ཐར་བརྗོད་ཀྱང་མི་ཚར།
སྐྱེ་དགུའི་དེད་དཔོན་བདག་གི་བླ་མ།
མཁྱིན་ནོ་མཁྱེན་ནོ་དྲིན་ཆེན་བླ་མ།
སྐྱེས་མཆོག་ཟླ་བའི་འོད་དཀར་མཁྱེན་ནོ།
མཁྱིན་ནོ་མཁྱེན་ནོ་རྩ་བའི་བླ་མ།
མི་བཤིག་རྡོ་རྗེའི་ཁྲི་ལ་བཞུགས་རོགས།
བསྟན་འགྲོའི་དོན་དུ་རྡོ་རྗེའི་དམ་བཅའ།
དུས་ངན་རླུང་གིས་ལན་བརྒྱ་རྒོལ་ཡང་།
བ་སྤུ་ཙམ་ཞིག་གཡོ་བར་མ་ནུས།
བསྟན་པའི་སྲོག་ཤིང་དཔལ་ལྡན་བླ་མ།
དུ་ཁའི་མུན་ཁྲོད་ལྷུང་བའི་བདག་སོགས།
ཐུགས་རྗེ་ ཟླ་གཞོན་འོད་ཟེར་ འབུམ་གྱིས།
ཡང་དག་བདེ་བའི་ལམ་བཟང་སྟོན་ཏེ།
བྱང་ཆུབ་བར་དུ་ཁྱོད་ཀྱིས་སྐྱོང་མཛོད།
མཁྱིན་ནོ་མཁྱེན་ནོ་དྲིན་ཆེན་བླ་མ།
སྐྱེས་མཆོག་ཟླ་བའི་འོད་དཀར་མཁྱེན་ནོ།
མཁྱིན་ནོ་མཁྱེན་ནོ་རྩ་བའི་བླ་མ།
མི་བཤིག་རྡོ་རྗེའི་ཁྲི་ལ་བཞུགས་རོགས།
མི་བཤིག་རྡོ་རྗེའི་ཁྲི་ལ་བཞུགས་རོགས།
མི་བཤིག་རྡོ་རྗེའི་ཁྲི་ལ་བཞུགས་རོགས།
མཁྱིན་ནོ་མཁྱེན་ནོ་དྲིན་ཆེན་བླ་མ།སྐྱེས་མཆོག་ཟླ་བའི་འོད་དཀར་མཁྱེན་ནོ།བྱང་ཆུབ་བར་དུ་ཁྱོད་ཀྱིས་སྐྱོང་མཛོད།མི་བཤིག་རྡོ་རྗེའི་ཁྲི་ལ་བཞུགས་རོགས།ཞེས་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཡི་ཕྲེང་བ་བཅུ་བཞི་པ་མཆོག་གི་སྐུའི་འཁྲུངས་སྐར་ལ་དགའ་སེམས་འཁོལ་བའི་ངང་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ྋཞབས་པད་སྲིད་མཐར་བརྟན་པ་ཤོག་ཅེས་གསོལ་འདེབས་དང་བཅས་།།
གངས་ཅན་འགྲོ་བ་མ་ལུས་རེ་བའི་སྐྱབས།།གངས་ཅན་ཁྱད་ནོར་སྙིང་རྗེའི་རྣམ་རོལ་བ།།གངས་ཅན་པ་ལ་ལྷ་ལས་རབ་གཅེས་པ།།གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་བཞུགས།།
ཀུན་དགའི་གཞས་ཞིག་ད་གཞི་ནས་ཐོན་འདུག་ཕལ་ཆེར་ལ་རྒྱའི་གཞས་ཡིན་རྒྱུ་རེད།