ར་ས་ཕོ་ཉས།
ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་། ཝོ་ཌེ་ Microsoft Words 2016སྟེང་བོད་ཡིག་བཀོལ་སྤྱོད་ཡག་པོ་ཡོང་ཆེད་སྒྲིག་སྦྱོར་ཇི་ལྟར་བྱེད་དགོས། འདི་གལ་ཆེ་བ་གཉིས་རང་རེད་འདུག།
- ཨེ་ཤེའི་སྒྲིག་གཞི་ལག་བརྟར་བྱེད་རྒྱུ།
- གཤམ་གྱི་རིམ་པ་ལྟར་ཕྱིན་རྗེས། ཨེ་ཤེའི་སྒྲིག་གཞི་དེར་འགྲིགས་རྟགས་འཐེན།
- Format => Paragraph => Asian Typography => Use Asian Rules <= འདིར་སྒྲིག་རྟགས་འཐེན།
- སྒྲིག་སྦྱོར་འདིས་བོད་ཡིག་གི་ཤད་འཐོར་འགྲོ་བའི་དཀའ་ངལ་དེ་སེལ་བ་ཡིན།
- གཤམ་གྱི་རིམ་པ་ལྟར་ཕྱིན་རྗེས། ཨེ་ཤེའི་སྒྲིག་གཞི་དེར་འགྲིགས་རྟགས་འཐེན།
- ཐའི་ལེན་ཌའི་སྐད་ཡིག་ཐོག་འཇོག་རྒྱུ།
- ཝོ་ཌེ་གསར་པ་བླུགས་རྗེས། ཐའི་ལེན་ཌའི་སྐད་ཡིག་ལེན་ཆེད་སོ་སོའི་ཀུ་ཤུ་གློག་ཀླད་ཁོ་རང་གི་མ་ལག་སྐད་ཡིག་ཐའི་ལེན་ཌའི་སྐད་ཡིག་ཏུ་བསྒྱུར་དགོས།
- དེའི་རྗེས་སོ་སོའི་ཝོ་ཌེ་མཉེན་ཆས་སྒོ་ཕྱེ་ནས། གསར་ཟིན་update བྱས་དགོས།
- དེ་རྗེས་གློག་གླད་སྐད་སྔ་སོར་བསྒྱུར་ན་འགྲིགས།
- བརྒྱུད་རིམ་འདི་ལ་བརྟེན་ནས་ཁྱེད་རང་གི་ཝོ་ཌེ་ནང་ཡི་གེ་སྒྲིག་སྟངས་གསར་པ་ཞིག་{སྟེང་གི་མདའ་གཡོན་དང་གཤམ་གྱི་མདའ་གཡས་སུ་བྱེད་པ}འཆར་ཡོང་། སྒྲིག་ཐབས་དེའི་ཤོག་ངོས་ནང་བོད་ཡིག་ཕྱོགས་གཉིས་ཆར་ལ་ཆ་སྙོམས་སུ་འགེངས་པར་བྱེད།
མཆན། ཁ་པར་གློག་ཀླད་ཤེས་བྱའི་སྐུ་ཞབས་Tibet Monk ཀྱི་གློག་བརྙན་གྱི་མཐུན་རྐྱེན་ལས་གོང་གི་ཤེས་བྱ་དེ་ཤེས་སོང་། ཐུགས་རྗེ་ཆེ།