བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་ས་ཕྱོགས་གང་སར་བོད་གཞུང་བཀའ་སྤྱི་གཉིས་ཀྱིས་བཀོད་ཁྱབས་དབུ་ཁྲིད་འོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཉིན་གསུམ་རིང་སྤེལ་འཆར་གྱི་ལམ་སྟོན་གོ་སྒྲིག་གནང་བ་བཞིན། ཟླ་འདིའི་ཕྱི་ཚེས་༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་༦ ནས་ཕྱི་དྲོ་ཆུ་ཚོད་༦ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞིས་ལུས་ཁང་གི་ཁྱབས་ཁོངས་ན་ཡོད་པའི་གདན་ས་ཆེན་པོ་དགའ་འབྲས་གཉིས་ཀྱི་གཙོས་གྲྭ་ཚང་ཁག་དགུ་དང་བཙུན་དགོན་བྱང་ཆུབ་ཆོས་གླིང་། དེ་བཞིན་མོན་གྷོ་ས་གནས་གཞིས་གྲོང་ཁག་དགུ་དང་། སློབ་གྲྭ་ཁག་བཅས་སེར་སྐྱ་མི་མང་གཅིག་ཁྲི་ལྷག་གིས་གདན་ས་དགའ་འབྲས་གཉིས་ཀྱི་བླ་སྤྱི་གཉིས་དང་གཞིས་གྲོང་གསུམ་མི་མང་མཉམ་འབྲེལ་ཚོང་ཁང་མདུན་ཐང་བཅས་སུ་ཁག་གསུམ་བགོས་ནས་ད་ལྟ་བོད་ནང་དུ་རྩ་ཆེའི་སྐུ་སྲོག་མར་མེར་སྦར་དང་སྦར་བཞིན་པའི་རྒྱལ་གཅེས་དཔའ་བོ་ཚོར་སེམས་གཏིང་གི་མྱང་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་འཛུགས་གནང་སོང་། དེ་ཡང་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བསྐོས་དགེ་བཤེས་བློ་བཟང་ཤཀྱ་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། བོད་ནང་གི་གཞོན་སྐྱེས་ཚོའི་རྩ་ཆེའི་སྐུ་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་དེ་རྒྱ་ནག་གཞུང་གིས་འཁྱོག་བཤད་བྱེད་བཞིན་པའི་བརྒྱུད་སྐུལ་གྱི་རིགས་སོགས་གང་ཡང་མིན་ལ། རྒྱ་ནག་དམར་གཞུང་གིས་ད་ལྟའི་བོད་ཐོག་ལག་བསྟར་བྱེད་བཞིན་པའི་དབང་ཆ་གཅིག་སྡུད་ལམ་ལུགས་སམ་སྲིད་བྱུས་དེའི་འོག་ང་ཚོ་བོད་པ་ཚོའི་མ་བཟོད་ནས་འ་ཆད་འུ་ཐུག་ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ལྟར་མི་སྤེལ་ཀ་མེ་བྱུང་བ་ཞིག་རེད་མ་གཏོགས། རྒྱ་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ས་ཁྱོན་ཡོངས་ཡར་རྒྱས་དང་སྐྱིད་པོ་ཞེ་དྲག་ཡོད་སྐོར་བཤད་བསྡད་པ་དེ་སྐྱག་རྫུན་ཡིན་པ་བོད་ནང་གི་རྒྱལ་གཅེས་དཔའ་བོ་ཚོའི་ཚེ་སྲོག་གི་བདེན་དཔང་བྱས་དང་བྱེད་བཞིན་འདིའི་འཛམ་གླིང་ཐོག་མངོན་གསལ་དོད་པོ་བྱས་ནས་གསལ་སྟོན་དང་རྒྱ་གཞུང་ལ་ངོ་ཚ་བཟོ་བཞིན་པ་འདི་རེད། གལ་སྲིད་ད་དུང་རྒྱ་གཞུང་གིས་བོད་ཐོག་མུ་མཐུད་ནས་དབང་ཆ་གཅིག་སྡུད་ལམ་ལུགས་ཀྱི་སྲིད་བྱུས་འདི་ལག་བསྟར་བྱས་པ་ཡིན་ན་བོད་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ཙམ་མ་ཟད་ག་རེ་ཡིན་ན་ཡང་ཡོང་སྲིད་པ་ཞིག་རེད་ཅེས་དང་། ཡང་ཁོང་གིས་མུ་མཐུད་ནས་གསུང་དོན། ང་ཚོ་བཙན་བྱོལ་ནང་ཡོད་པའི་གཞུང་མང་གཉིས་ཀྱི་ངོས་ནས་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་བཞིན་པ་རེད་དེ་གཙོ་བོ་དེ་བོད་ནང་དུ་རང་དབང་ཁབ་རྩེ་ཙམ་མེད་པ་མ་ཟད། སྡུག་སྦྱོང་མནར་གཅོད་ཚད་མེད་པ་མྱང་དང་མྱོང་བཞིན་ཡོད་པའི་གནས་སྟངས་དེ་ཚོ་འཛམ་གླིང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སྐྱེལ་ཐུབ་ཐབས་དང་། ལྷག་པར་དུ་བོད་ཐོག་ཏུ་དངོས་སུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་འགྱུར་བ་དང་བསྒྱུར་བཅོས་ཤིག་མ་བཏང་བར་དུ་མུ་མཐུད་ནས་ཤུགས་དྲག་གི་ལས་འགུལ་སྤེལ་སྒྱུར་འབད་རྩོན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་སོང་། དེ་བཞིན་དགའ་བྱང་དགེ་བསྐོས་དགེ་བཤེས་དགེ་འདུན་ཤཀྱ་མཆོག་གིས་བཅར་འདྲིར་ལན་འདེབས་གནང་དོན། སྤྱིར་བཏང་གི་བོད་ནང་གཞིས་ལུས་མི་མང་གི་ཐོག་ལ་རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་དྲག་གནོན་དང་གདུག་རྩུབ་ཚད་མེད་པ་ཞིག་བཏང་དང་གཏོང་བཞིན་ཡོད་པ་དེར་བོད་ནང་གི་བོད་མི་གཞོན་སྐྱེས་ཚོའི་སེམས་ནང་མི་རིགས་དབྱེ་འབྱེད་དང་ཐོབ་ཐང་འདྲ་མཉམ་སོགས་གཅིག་ཀྱང་མེད་པའི་རྒྱུ་མཚན་ལ་བརྟེན་ནས་གཅེས་པའི་ཚེ་སྲོག་ཕང་མེད་དུ་བློས་གཏོང་གནང་བཞིན་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོ་ཧ་ཅང་བློ་ཕམ་པོ་རེད། ཡིན་ན་ཡང་ང་ཚོའི་ངོས་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མར་མེ་རུ་སྦར་མཁན་དཔའ་བོ་ཚོར་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་ཙམ་མ་ཡིན་པར་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཁོང་རྣམ་གྱི་ཐུགས་འདོད་མཐའ་དག་འགྲུབ་ཆེད་དུ་བོད་དོན་དེ་སྔར་ལས་ལྷག་པའི་ཚད་མཐོ་བོར་སླེབ་ཐུབ་པར་འབད་རྩོན་བྱེད་རྒྱུ་གཅིག་དང་། ལྷག་པར་དུ་བོད་དོན་རྒྱབ་སྐྱོར་གནང་མཁན་གཞུང་དང་གཞུང་འབྲེལ་མ་ཡིན་པ་མི་སྒེར་བཅས་སུ་སྔར་ལས་ལྷག་བོད་དོན་རྒྱབ་སྐྱོར་གནང་རོགས་དང་རྒྱ་གཞུང་གི་འཛམ་གླིང་རྒྱལ་སྤྱི་སྤྱི་ཡོངས་ཀྱི་ཁྲིམས་སྒྲིག་དང་འགལ་བའི་སྲིད་བྱུས་མང་དག་གཅིག་བོད་ཐོག་ལག་བསྟར་བྱེད་ཕྱོགས་དེ་དག་ལ་གནོད་ཤུགས་སྤྲོད་རོགས་སོགས་ཀྱི་མཚོན་པའི་བོད་དོན་རྒྱབ་སྐྱོར་ཚད་མཐོན་པོར་ཡོང་ཐུབ་པའི་འབོད་སྐུལ་དང་སྦྲགས་ལས་འགུལ་མུ་མཐུད་ནས་སྦེལ་དགོས་པ་རེད་ཅེས་གསུངས་སོང་། གཞན་ཡང་རྒྱ་གར་རྒྱལ་ས་ལྡི་ལིར་བོད་གཞུང་བཀའ་སྤྱི་གཉིས་ཀྱིས་དབུ་ཁྲིད་པའི་ཉིན་གསུམ་རིང་གི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ནང་རྒྱ་བལ་གཉིས་ཀྱི་ནང་གཞིས་སྡོད་མི་གྲངས་༣༠༠༠་ཕེབས་ཡོད་པའི་ཁྲོད་མོན་གྷོ་ས་གནས་ཀྱི་སེར་སྐྱ་༣༠༠ མཉམ་ཞུགས་གནང་ཡོད་པ་རེད།། བོད་ཀྱི་བང་ཆེན་ལས་དྲངས། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
སྐྱ་རེངས་བཞི་པའི་རྩོམ་བསྡུ་གསལ་བརྡ།
༄༅། །བརྩེ་བའི་((སྐྱ་རེངས་བོད་ཀྱི་ན་གཞོན་བརྙན་དེབ་))ཀློག་པ་པོ་རྣམས་དང་རྩོམ་པ་པོ་རྣམ་པ་དང། དེ་བཞིན་རོགས་རམ་པ་རྣམ་པ་བཅས་ཀྱི་སྙན་ལམ་དུ། སྤྱི་ལོ་༢༠༠༦ ལོ་ནས་ང་ཚོས་རྩོམ་སྒྲིག་ཚོགས་པ་གསར་འཛུགས་ཀྱིས་སྤྱི་ལོ་༢༠༠༧ ལོར་སྐྱ་རེངས་བརྙན་དེབ་དང་པོ་དང་། ༢༠༠༨ ཀྱི་ལོར་སྐྱ་རེངས་བརྙན་དེབ་གཉིས་པ། ༢༠༠༩ ཡི་ལོར་སྐྱ་རེངས་བརྙན་དེབ་གསུམ་པ་བཅས་འདོན་སྤེལ་ཞུས་པ་ཚང་མས་མཁྱེན་གསལ་ལྟར་ཡིན། དེ་དང་དུས་མཚུངས་༢༠༠༧ ལོར་ནས་བཟུང་གཞིས་བཞུགས་སྤུན་ཟླ་རྣམས་དང་། ཕྱི་རྒྱལ་ཁག་དུ་ཡོད་པའི་སྤུན་ཟླ་ཚོར་ཆེད་དམིགས་ཀྱིས་སྐྱ་རེངས་བརྙན་དེབ་ཆ་ཚང་དྲ་ལམ་དུའང་སྤྱན་འབུལ་ཞུས་ཡོད། འོན་ཀྱང་མཐུན་རྐྱེན་དང་དགོས་པའི་དབང་ལས་ད་བར་སྐྱ་རེངས་དྲ་རྒྱའི་ཁ་བྱང་ཐེངས་ཁ་ཤས་བརྗེ་དགོས་པ་བྱུང་སོང་བས་དྲ་གྲོགས་མང་པོར་དྲ་རྒྱ་གཟིགས་རྒྱུར་སྐུ་ངལ་བཟོས་ཡོད་པ་དགོངས་སེལ་ཞུ། ལོ་སྔོན་མའི་ལོ་མཇུག་ནས་འགོ་འཛུགས་ཀྱིས་www.kyareng.org ཞེས་པའི་སྐྱ་རེངས་དྲ་རྒྱའི་ཁ་བྱང་གསར་བཟོ་བྱས་ཡོད་ལ་དྲ་བ་དེའི་ནང་རྩོམ་པ་པོ་ཚོར་ཆེད་དམིགས་ཀྱིས་རྩོམ་ཡིག་བྲིས་སའི་ས་མིག་བཞག་ཡོད། དྲ་རྒྱ་དེ་ནི་གཙོ་བོ་རྩོམ་རིག་གི་དྲ་རྒྱ་ཞིག་ཏུ་གྱུར་བའི་རེ་བ་ཡོད་པས། རྩོམ་པ་པོ་རྣམས་ཀྱིས་རྩོམ་ཡིག་kyareng@gmail.comརྒྱུན་མར་གནང་རོགས་ཞུ་རྒྱུ་དང་འབྲེལ། གལ་ཏེ་རྒྱུན་པར་རྩོམ་ཡིག་སྤེལ་བློ་ཡོད་ན་ང་ཚོའི་ཟིན་བྲིས་པའི་ས་མིག་ཀྱང་ལེན་རྒྱུའི་གོ་སྐབས་ཡོད་པ་ཡིན། ད་བར་སྐྱ་རེངས་ཀྱི་དྲ་རྒྱའི་ཟམ་པ་ཆད་མེད་ནའང་། མཐུན་རྐྱེན་མ་ཚོགས་པའི་རྐྱེན་ལས་རེ་ཞིག་༢༠༡༠ ལོར་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་སྐྱ་རེངས་བཞི་པ་དེ་འབུལ་མ་ཐུབ་སོང་། འོན་ཀྱང་འདི་ལོར་འདི་ནས་སྐྱ་རེངས་བཞི་པ་དེ་འདོན་འཆར་གྱིས་ད་ལྟ་བརྙན་དེབ་གློག་ཀླད་དུ་འཇུག་བཞིན་པ་ལགས་ན། བློ་སྟོབས་དང་མི་རིགས་ལ་ཤ་ཞེན་ལྡན་པའི་གྲོགས་པོ་ཚོས། གངས་ཅན་པའི་གཞོན་ནུ་ཚོར་སྨན་སླད། ནང་ཆོས་ཀྱི་སྐོར་དང་། རྒྱལ་རབས་ལོ་རྒྱུས། ཚན་རིག བསླབ་བྱ། རྒྱུན་ཤེས། སྒྲུང་རྩོམ། ལྷུགས་རྩོམ། སྙན་རྩོམ། མཚར་གཏམ། གྲགས་ཅན་མི་སྣ་ངོ་སྤྲོད། ལོ་རྒྱུས་ལྡན་པའི་དགོན་པ་སོགས་ཀྱི་ངོ་སྤྲོད། བསྒྱུར་རྩོམ། གབ་ཚིག་དང་མགོ་སྙོག རིག་རྩལ། མུ་འབྲེལ་སྒྲུང་གཏམ། (རི་མོའི་འཆར་འགོད་སོ་སོས་བྱེད་ཆོག) འདྲ་དཔར་སྒྱུ་རྩལ། (སོ་སོས་བླངས་པའི་ཡུལ་ལྗོངས་དང་སེམས་ཅན་སོགས་ཀྱི་དཔར།) གཞས་ཚིག་གསར་རྩོམ། དངོས་བྱུང་མྱོང་གཏམ། (སོ་སོར་དངོས་སུ་ཕྲད་པའི་ཡ་མཚན་བྱུང་བ།) ནང་ཆོས་སྐོར་གྱི་གལ་གནད་ལྡན་པའི་དྲི་བ་སོགས། མདོར་ན་རྩོམ་རིག་གི་ལམ་ནས་གཞོན་ནུའི་ཤེས་ཡོན་ལ་ཕན་ནུས་ལྡན་པའི་རྩོམ་ཡིག་གང་མང་བདུན་ཕྲག་གཉིས་ནང་གནང་སྐྱོང་ཡོད་པར་འཚལ། སྐྱ་རེངས་བརྙན་དེབ་ཏུ་རྩོམ་ཡིག་བསྐུར་སའི་ཁ་བྱང་ནི། སྦྲགས་ཁང་། Kyareng Editor (tsethang Tenzin Palchok)…
གླུ་ཤགས་འཇིག་རྟེན་དར་ལྕེ།
http://static.issuu.com/webembed/viewers/style1/v2/IssuuReader.swf གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
རྗེའི་ལམ་རིམ་འབྲིང་པོ་བཞུགས་སོ།།
http://static.issuu.com/webembed/viewers/style1/v2/IssuuReader.swf གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
ཨ་མའི་ཐང་ཁུག
[youtube https://www.youtube.com/watch?v=8BebVykF0-4&w=400&h=275] གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།