ལྷ་རམས་པ་བསྟན་འཛིན་དཔལ་མཆོག་གིས་བཀླགས།གནས་བརྟན་སི་རི་དྷརྨ་ཡིས་བརྩམས།ངེས་དོན་རྒྱ་མཚོས་བསྒྱུར།
ཧོ་ལོ་ཀོ་སི། Holocaust ༢
ས་བཅད་གཉིས་པ་འཁོན་འཛིན། ཧི་ཊི་ལར་ལ་དབང་ཆ་ཐོབ་པའི་དུས་སྐབས་དེར། ཡོ་རོབ་ཀྱི་མི་རྣམས་ཀྱི་སེམས་སུ་མི་རབས་ནས་མི་རབས་བར་ཡོ་རོབ་ཁུལ་དུ་འཚོ་གནས་བྱས་མིན་ལ་མ་ལྟོས་པར་ལྗིའུ་མི་རིགས་རྣམས་ཕྱི་གླིང་བ་ཡིན་པའི་ཚོར་སྣང་ཆེན་པོ་ཡོད། ལྗིའུ་མི་རིགས་ཚོས་བརྗོད་གསལ་ལ་ལྗིའུ་མི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་ནི་ཁན་ནན་བྱ་བའི་ཡུལ་ཏེ་དེང་སང་་ཨི་ཛི་རལ་དུ་འབོད་པ་་དེ་ཡིན་པ་དང་། ལོ་ངོ་སྟོང་ཕྲག་གི་སྔོན་དུ་དེ་ནས་ཡོ་རོབ་ཁུལ་དུ་གནས་སྤོས་བྱས་པར་བཤད། རོ་མན་གྱི་དུས་རབས་ནས་བཟུང་ལྗིའུ་མི་རིགས་གང་སར་གྱར་མགོ་ཚུགས་པ་དང་། ལྗིའུ་མི་རིགས་ཚོའི་སེམས་ནང་ལྗིའུ་ནི་མི་རིགས་བྱེ་བྲག་པ་ཞིག་དང་་དེ་ཡང་རིག་གཞུང་དང་ཆོས་ལུགས་ཀྱི་རྐྱེན་གྱི་ལྷན་དུ་ཁ་འབྱེད་ཐབས་མེད་པར་སྦྲེལ་བསྡད་ཡོད་པར་རྩིས། ཡི་ཤུའི་ཆོས་ལུགས་དར་ཁྱབ་སུ་འགྲོ་བ་དང་བསྟུན་ལྗིའུ་མི་རིགས་ལ་ཡི་ཤུ་གྷོ་དྷ་ཡི་སྲས་ཡིན་པར་ངོས་ལེན་མི་བྱས་པ་དང་། དེའི་སྟེང་ཡི་ཤུ་གསོད་མཁན་དང་ཡི་ཤུའི་ཆོས་སྣུབ་མཁན་ཡིན་པའི་མིང་རྗེས་བཟོས་སྟེ། མི་རབས་ནས་མི་རབས་ལྗིའུ་མི་རིགས་ཀྱི་སྟེང་ཆོས་ལུགས་ཀྱི་ཕྱོགས་ཞེན་གྱི་དཀྲོག་གཏམ་མང་པོ་བཟོས་མཐར། ལྗིའུ་མི་རིགས་ཀྱི་ཚོ་ཁག་ཁ་ཤས་གྲོང་ཁྱེར་གྱི་ཟུར་དུ་ལོགས་སུ་འཚོ་གནས་བྱ་དགོས་པའི་གནས་སྟངས་ཆགས། ལུང་པ་འགའ་ཤས་སུ་ལྗིའུ་མི་རིགས་ཀྱིས་གོན་པ་མི་འདྲ་བ་གྱོན་དགོས་པ་དང་། ཡང་ན་ལྗིའུ་ཡིན་པའི་མཚོན་རྟགས་དེ་འདྲ་གོན་པའི་སྟེང་འཇོག་པའི་ཁྲིམས་བཅའ་བ་བྱུང་། དེའི་ཡི་ཤུ་སློབ་དཔོན་གྲགས་ཅན་དེ་འདྲས་་ལྗིའུ་ཟེར་བ་རྒྱལ་ཁབ་ནས་ཕྱིར་ཕུད་དགོས་པ་དང་། ལྗིའུ་ཡི་ལྷ་ཁང་ནི་འདྲེ་ཚང་མ་གཏོགས་གང་ཡང་མིན་པའི་གཏམ་བཤད་བྱས་འབྲས། ཡི་ཤུའི་རྗེས་འབྲངས་པའི་མི་དམངས་མང་པོ་ཞིག་གི་བསམ་བློའི་ནང་ལྗིའུ་མི་རིགས་ལ་མི་དགའ་བའི་འཁོན་འཛིན་ཆེན་པོ་བསྐྲུན། ཡིན་ནའང་སྐབས་ཞིག་ཡོ་རོབ་ཀྱི་ནང་འགྲོ་བ་མིའི་རིགས་མཐའ་དག་ལ་འདྲ་མཉམ་ཀྱི་བརྩི་མཐོང་དགོས་པའི་བཟང་ཕྱོགས་ཀྱི་བསམ་བློ་ཁྱེར་བཟོ་དར་བས། སྔར་སྲོལ་རང་གསོར་རྒྱུན་འཛིན་བྱེད་མཁན་གྱི་ལྗིའུ་ཕུད་ལྗིའུ་མི་རིགས་མང་པོ་ཞིག་ལ་སྤྱི་ཚོགས་སྟེང་མི་རིགས་གཞན་དང་ལྷན་དུ་གོ་སྐབས་དང་ལེན་བྱ་རྒྱུ་བྱུང་བས། ལྗིའུ་ཁྲོད་ཚན་རིགས་པ། རྩོམ་པ་པོ། དེ་བཞིན་རོལ་མོ་མཁན་སོགས་གྲགས་ཅན་གྱི་མི་སྣ་མང་པོ་བྱུང་བས། རིམ་པས་མི་རིགས་གཞན་པ་མང་པོའི་མིག་ནང་དུ་ལྗིའུ་མི་རིགས་ལ་ལྟ་བའི་ཕྲག་དོག་གི་མེ་ལྕེ་འབར།། ཕྱི་ལོ་༡༩༡༤་ལོར་འཛམ་གླིང་དམག་ཆེན་དང་པོ་ལངས། འཛམ་གླིང་དམག་ཆེན་དང་པོའི་མཇུག་འབྲས་ལ། འཇར་མན་གྱོང་གུན་ཤིན་ཏུ་ཆེན་པོ་ཕོགས་པས་འཇར་མན་གྱི་མི་མང་པོའི་་སེམས་སུ་བཟོས་པའི་རྨ་ཁ་དང་ཞེ་སྡང་གི་དྲག་རླབས་དེ་རིང་མིན་ཡོ་རོབ་ཀྱི་ཡུལ་གྲུ་ཀུན་གྱི་མྱངས་དགོས་བྱུང་།
ཧོ་ལོ་ཀོ་སི། Holocaust ༡
ས་བཅད་དང་པོ། ཧོ་ལོ་ཀོ་སི་ཟེར་བ་གང་ཡིན་ནམ། ཕྱི་ལོ་ ༡༩༣༣ ནས་ ༡༩༤༥ བར་ཡུ་རོབ་ཁུལ་དུ་ལྗིའུ་མི་རིགས་ས་ཡ་བཅུ་ཡོད་པའི་ཁོངས་ནས་ས་ཡ་དྲུག་ཐམ་པའི་ལོ་རྒྱུས་བྱུང་། དེ་ལྟ་བུའི་གདུག་བརྩུབ་ཆེ་བའི་དམར་གསོད་ཀྱི་ལོ་རྒྱུས་དེར་ཧོ་ལོ་ཀོ་སི་ཞེས་མིང་བཏགས།ཨ་ཌོལ་ཕ༑ཧི་ཊི་ལར་འབོད་པའི་མི་ཞིག་གིས་སྣ་ཁྲིད་པའི་ན་ཛི་ཚོགས་པ་ཟེར་བ་༡༩༣༣ ལོར་མཇར་མན་དུ་རྙེད་པ། མངོན་འདོད་གཙོ་བོ་ཨར་ཡན་དུ་འབོད་པའི་མི་རིགས་གཙང་མས་ཡོ་རོབ་དབང་དུ་བསྒྱུར་བ། མདོར་ན་མིག་སྔོན་པོ་དང་མགོ་སེར་པོ་ཅན་གྱི་འཇར་མན་འབའ་ཞིག་གིས་ཡོ་རོབ་དབང་བསྒྱུར་བྱེད་པར་འདོད་པ་དེའི་བྱས་འབྲས་ལས་ཡ་ང་བའི་གནས་སྟངས་སྐྱོ་པོ་དེ་བྱུང་བ་ཡིན། ཧི་ཊི་ལར་ལ་དབང་ཆ་བྱུང་བའི་རྗེས་ལྗིའུ་མི་རིགས་ཙམ་མིན་པར། རོ་མ། ཨུ་རུ་སུའི་མི་རིགས། པོ་ལེ། མཚན་མཐུན་སྤྱོད་པ། དབང་པོ་སྐྱོན་ཅན་ལ་སོགས་པའི་མི་མང་པོ་ཞིག་ལ་ན་ཛིའི་དགྲ་བོ་ཞེས་པའི་ཉེས་མིང་འོག་མནར་གཅོད་དང་རང་སྲོག་ཤོར་བའི་སྡུག་སྦྱོང་བཏང་ཡོད། དེ་ལྟར་འཇར་མན་དམག་གིས་ཡོ་རོབ་ས་ཁུལ་རྣམས་སུ་ཁྱབ་པ་དེ་སྲིད་ལྗིའུ་མི་རིགས་ཀྱིས་མཚོན་པའི་མི་དམངས་མང་པོ་ན་ཛིའི་བཙན་འོག་ཏུ་ཐེབས། ན་ཛིའི་མནར་བཏང་པའི་མི་རིགས་མང་པོའི་ནང་ནས་ལྗིའུ་མི་རིགས་ནི་ན་ཛིའི་མནར་གཅོད་གཏོང་ས་གཙོ་བོ་དེ་ཡིན་ཞིང་། དེ་ལྟར་གྱུར་དོན་ནི་ལོ་རབས་བརྒྱ་ཕྲག་མང་པོའི་རྒྱབ་ལྗོངས་ཡོད་པའི་འཁོན་འཛིན་གྱི་བསམས་པ་ངན་པ་ལས་བྱུང་བ་ཡིན།
ཐིག་གྲལ་མདུན་དུ་སྐར་ཆ་རེ་རེ་ནས་སྒུག་བཞིན་པ།
པར་པ། ར་ས་ཕོ་ཉ།
ཉི་མ་ལ་ཁ་ན་འཕུར་བའི་གྲབས་བྱས་པ།
པར་པ། བང་རི་རྡོ་རྗེ་འཆང་།