བོད་ལྗོངས་ཉིན་རེ་ཚགས་པར།ཉེ་ལམ་ཀྲུང་གོ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན་གྱིས་གསར་འགོད་པའི་མཇལ་འཕྲད་ཚོགས་འདུ་ཞིག་གི་སྟེང་དུ། རྒྱལ་ཕྱིའི་གསར་འགོད་པ་རྣམས་ལ་ཀྲུང་གོའི་སྲིད་གཞུང་གིས་ཏཱ་ལའི་བླ་མར་གྲོས་མོལ་བྱེད་པའི་ཁྲོད་དུ་བྱུང་བའི་གནད་དོན་རྣམས་དག་འབྱིན་བྱས་པ་རེད། ཉིན་འགའི་རྗེས་སུ་ཏཱ་ལའི་བླ་མའི་ཡུལ་གྱར་སྲིད་གཞུང་གི་འགོ་གཙོས་ལན་བཏབས་པ་ལྟར་ན།ཨ་རིར་སྡོད་པའི་ཏཱ་ལའི་བླ་མའི་ཆེད་མངག་ཕོ་ཉ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཀྲུའུ་ཝེ་ཆུན་མི་སྒེར་ལ་མཚང་འབྱིན་བྱས་པ་རེད། ཕན་ཚུན་གྱི་གྲོས་མོལ་ལ་རིམ་གྱིས་དཀའ་ཁག་བྱུང་ཡོད་པའི་སྐབས་འདིར། ཏཱ་ལའི་བླ་མའི་ཕྱོགས་ཀྱིས་ཤར་དཀྲོག་ནུབ་རྡེག་གིས་ཁ་མཆུ་རྩོད་པ་སློང་འདོད་ཡོད་པ་ལྟར་དུ་སྣང་། ཀྲུང་དབྱང་སྲིད་གཞུང་དང་ཏཱ་ལའི་བླ་མའི་གྲོས་མོལ་མཚམས་བཞག་པའི་རྒྱུ་རྐྱེན་ངོ་མ་གང་ཡིན།སུས་རྗེས་ཕྱོགས་ཀྱི་གྲོས་མོལ་བྱེད་མཚམས་བཅད་པ་ཡིན།ཡུལ་གྱར་བོད་མིའི་སྲིད་གཞུང་གི་བྱེད་སྟངས་གཅིག་གྱུར་མིན་པ། ༡༩༨༩ལོར།ཏཱ་ལའི་བླ་མས་ཀྲུང་གོས་སུའུ་ལེན་སྔོན་མ་བཞིན་དུ་མདོག་འགྱུར་ངེས་ཡིན་སྙམ་པའི་ནོར་འཁྲུལ་གྱི་བསམ་ཚུལ་ལ་བརྟེན་ནས་གྲོས་མོལ་བྱེད་མཚམས་བཞག་པ་ལས།ད་དུང་ཀྲུའུ་ཝེ་ཆུན་གྱིས་འདི་སྐད།༢༠༠༨ལོའི་ཟླ༡༡པར་ཕྱོགས་གཉིས་ཀྱི་གྲོས་མོལ་ཐེངས༩བའི་རྗེས་སུ། ཏཱ་ལའི་ཕྱོགས་ཀྱིས་ཡང་བསྐྱར་གྲོས་མོལ་བྱེད་མཚམས་བཞག་པ་རེད་ཅེས་གསུངས།དོན་དེ་ཨ་རིར་སྡོད་པའི་ཏཱ་ལའི་བླ་མའི་ཆེད་མངག་ཕོ་ཉ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་གཏན་ནས་ཁས་མི་ལེན་པ་མ་ཟད།བཤད་ཚུལ་དེ་ནི་དོན་དངོས་དང་མི་མཐུན་ཞེས་དང་།གྲོས་མོལ་བྱེད་མཚམས་འཇོག་པའི་སྐད་ཆ་ཞིག་ད་ལྟའི་བར་བཤད་མྱོང་མེད་ཅེས་བཤད་བྱུང་།དེ་དང་ཆབས་ཅིགཐེ་ཝན་དུ་སྡོད་པའི་ཡུལ་གྱར་སྲིད་གཞུང་གི་དོན་གཅོད་ཁང་གི་འཐུས་མིའམ་བོད་ཀྲུང་ཞི་བས་གྲོས་མོལ་གྱི་གྲ་སྒྲིག་ཚོགས་ཆུང་གི་ཁོངས་མི་ཟླ་བ་ཚེ་རིང་ལགས་ཀྱིས་ཀྱང་དེའི་སྐོར་ནས་སྐད་ཆ་བཤད་མོད།འོན་ཀྱང་ཁོས་ཀྲུའུ་ཝེ་ཆུན་ལ་ཁ་རྡུང་བཏང་བ་མི་གླེང་བ་དང་།དོན་ངོ་མ་ཡུལ་གྱར་སྲིད་གཞུང་གཅིག་པུའི་ཕྱོགས་ནས་གྲོས་མོལ་བྱེད་མཚམས་བཞག་པ་ཡིན་མིན་ཡང་མི་གླེང་བར།གྲོས་མོལ་བྱེད་པའི་དམིགས་ཡུལ་ནི་མཇུག་འབྲས་ཀྱི་ཕྱིར་དུ་ཡིན་པ་མ་གཏོགས་དུས་ཚོད་ཆུད་ཟོས་སུ་གཏོང་ཕྱིར་མིན་ཞེས་ལབ་བྱུང་།སྐད་ཆ་དེར་གཞིགས་ན་དུས་ཚོད་ཆུ་ཟོས་སུ་གཏོང་བའི་གྲོས་མོལ་མཚམས་འཇོག་འདོད་པ་ནི་སྨོས་མེད་རང་རེད།དོན་ངོ་མར་སུས་གྲོས་མོལ་བྱེད་མཚམས་བཞག་པ་ཡིན་པའི་གནད་དོན་དེར།ཡུལ་གྱར་སྲིད་གཞུང་ནང་ཁུལ་གྱི་ལན་འདེབས་ཚུལ་ད་དུང་གཅིག་མཐུན་བྱུང་མེད་པ་འདྲ།སུ་ཞིག་གིས་རྫུན་ལབ་པ་ཡིན། ཡུལ་གྱར་སྲིད་གཞུང་གིས་བོད་ནས་རྒྱ་མི་དང་དམག་མི་ཕྱིར་འཐེན་དགོས་པའི་བཤད་ཚུལ་གཡོལ་གང་ཐུབ་བྱེད་པ། ད་ལོའི་ཟླ༣ཚེས༧ཉིན་ཀྲུང་གོའི་ཕྱི་འབྲེལ་པ་ཡང་ཅེ་ཁྲི་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་འདི་སྐད། ཏཱ་ལའི་བླ་མས་ཀྲུང་གོའི་བོད་སྡོད་དམག་མི་དང་བོད་དུ་འཚོ་གཞིས་སུ་ཡོད་པའི་མི་རིགས་གཞན་དག་ཕྱིར་བསྐྲོད་འདོད་ཡོད་པ་རེད།དེའི་སྐོར་ཏཱ་ལའི་བླ་མས་ཡང་ཅེ་ཁྲིས་ཡིས་རྫུན་ལབ་པ་དང་།ཁོས་སྐད་ཆར་གཞི་འཛིན་ས་མེད་ཞེས་ཁ་རྡུང་ནན་མོ་བཏང་བ་རེད།ཐེངས་འདིར་ཀྲུའུ་ཝེ་ཆུན་གྱིས་ཡང་བསྐྱར་བསྟན་དོན། ༡༩༨༧ལོར་ཏཱ་ལའི་བླ་མས་ཨ་རི་ནས་བོད་ལྗོངས་ཀྱི་ཞི་བདེའི་འཆར་འགོད་ལྔ་ཞེས་པ་དང་།༡༩༨༨ལོར་ཧྥ་རན་སིའི་སི་ཐེ་ལ་སི་པའོ་ནས་བསམ་འཆར་གསར་བ་བདུན་ཞེས་པ་བསྒྲགས་པའི་ནང་དུ། བོད་ནས་རྒྱ་མི་དང་རྒྱའི་དམག་མི་ཕྱིར་བསྐྲོད་དགོས་པའི་སྐད་ཆ་དེ་གསལ་བོར་བཀོད་འདུགདེའི་ཡར་སྔོན་ལ་ཀྲུང་གོའི་ཙུང་ལི་ཝུན་ཅ་པའོ་ཡིས་དེའི་སྐོར་གྱི་ཡིག་ཆ་དྲངས་ནས་ཀུན་ལ་ར་སྤྲོད་བྱས་ཡོད་ནའང་། ཏཱ་ལའི་བླ་མ་དང་ཡུལ་གྱར་སྲིད་གཞུང་གིས་དེའི་ཐད་ལ་སྐད་ཆ་ནན་མོ་ཅི་ཡང་བཤད་མ་མྱོང་། རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཀྲུའུ་ཝེ་ཆུན་ལ་རྒོལ་ལན་འདེབས་སྐབས་ཀྱང་དེའི་སྐོར་གྱི་སྐད་ཆ་གཡོལ་ཅི་ཐུབ་བྱས་བྱུང་། སྔོན་ཞིག་ལ་ནོར་ཝེ་བོད་སྐད་རླུང་འཕྲིན་ནས་གསལ་བསྒྲགས་བྱས་པ་ལྟར་ན། ཡུལ་གྱར་སྲིད་གཞུང་གི་ལམ་ཕྱོགས་དེ་ནི་ད་ལྟ་ལག་བསྟར་བྱེད་པའི་ལམ་ཕྱོགས་དེ་མིན་ཚུལ་བརྗོད་པ་རེད།དོན་དམ་དུ་སུ་ལ་དྲང་སེམས་མེད་པ་ཡིན། པེ་ཅིང་གིས་དང་ལེན་བྱེད་དཀའ་བའི་དྲན་ཐོ་ཞིགན་ནིང་གྲོས་མོལ་བྱེད་དུས། ཡུལ་གྱར་སྲིད་གཞུང་གིས་ཀྲུང་དབྱང་སྲིད་གཞུང་ལ་”བོད་མི་ཡོངས་ཀྱི་རང་སྐྱོང་གཙང་མ་བྱེད་པའི་དྲན་ཐོ”ཞིག་སྤྲད་མྱོང་བ་དེར་ཁ་བྲལ་གྱི་འདོད་བློ་མངོན་པར་གསལ་སྟབས།པེ་ཅིང་ཕྱོགས་ཀྱིས་ཁ་ཡ་གཏན་ནས་མ་བྱས།ཀྲུང་དབྱང་སྲིད་གཞུང་ལ་ཆ་མཚོན་ནས་བཤད་ན།ཁ་བྲལ་ཐད་ནས་གྲོས་མོལ་བྱེད་ས་གཅིག་ཀྱང་མེད། ཀྲུའུ་ཝེ་ཆུན་གྱིས་འདི་སྐད། ཀྲུང་དབྱང་སྲིད་གཞུང་གིས་རྣམ་འགྱུར་གསལ་བོར་བསྟན་རྗེས། ཏཱ་ལའི་ཕྱོགས་ཀྱིས་མུ་མཐུད་དུ་དྲན་ཐོ་དེ་གྲོས་མོལ་གྱི་རྨང་གཞིར་བཟུང་ཡོད་པ་རེད། དེ་ནི་དྲང་སེམས་ཏིལ་འབྲུ་ཙམ་ཡང་མེད་པའི་མཚོན་རྟགས་ཤིག་རེད།གལ་ཏེ་ཏཱ་ལའི་ཕྱོགས་ཀྱིས་མུ་མཐུད་དུ་དྲན་ཐོའི་ནང་དོན་ལ་འཕྲི་སྣོན་གང་རུང་བྱས་ཏེ་ལམ་ཞིག་འཚོལ་འདོད་ཡོད་ཚེ།དེ་ལ་འབྲས་བུ་གང་ཡང་སྨིན་མི་སྲིད་ཅེས་བཤད་དོ།། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
ཀུན་དགའི་གླུ་གཞས་གསར་པ་ཆེད་བསྒྲིགས་བྱེད་བཞིན་པ།
༢༠༠༩ལོའི་ཉེ་ཆར་ཟླ་ཤས་རིང་ཀུན་དགའི་གླུ་གཞས་གསར་པ་ཆེད་བསྒྲིགས་བྱེད་བཞིན་ཡོད་། མི་རིང་བར་རྒྱ་ཆེའི་སྤུན་ཟླ་རྣམས་ཀྱི་རྣ་བའི་བདུད་རྩིར་ལོངས་སྤྱོད་ཆོག་མུས་ཡིན་།དྲི་མེད་སྐྱེས་མཆོག།ཀུན་དགའ་ཕུན་ཚོགས་གངས་རིའི་བྱང་ཕྱོགས་འགྲོ་བའི་མུན་སེལ།སྐྱེས་མཆོག་དྲི་མེད་ཟླ་བའི་འོད་དཀར།ཁྱོད་ཉིད་བལྟམས་ཚེ་སེམས་པ་མང་པོས།ལུང་བསྟན་ཤེས་བརྗོད་ངོ་མཚར་བླ་མ།གཞོན་ནུས་དུས་ནས་རྒྱལ་སྲས་རང་གཤིས། འགྲོ་ལ་ཐུགས་བརྩེ་མ་འོངས་མཁྱེན་སོགས།ཡ་མཚན་རྣམ་ཐར་བརྗོད་ཀྱང་མི་ཚར།སྐྱེ་དགུའི་དེད་དཔོན་བདག་གི་བླ་མ།མཁྱིན་ནོ་མཁྱེན་ནོ་དྲིན་ཆེན་བླ་མ།སྐྱེས་མཆོག་ཟླ་བའི་འོད་དཀར་མཁྱེན་ནོ།མཁྱིན་ནོ་མཁྱེན་ནོ་རྩ་བའི་བླ་མ།མི་བཤིག་རྡོ་རྗེའི་ཁྲི་ལ་བཞུགས་རོགས།བསྟན་འགྲོའི་དོན་དུ་རྡོ་རྗེའི་དམ་བཅའ།དུས་ངན་རླུང་གིས་ལན་བརྒྱ་རྒོལ་ཡང་།བ་སྤུ་ཙམ་ཞིག་གཡོ་བར་མ་ནུས།བསྟན་པའི་སྲོག་ཤིང་དཔལ་ལྡན་བླ་མ།དུ་ཁའི་མུན་ཁྲོད་ལྷུང་བའི་བདག་སོགས།ཐུགས་རྗེ་ ཟླ་གཞོན་འོད་ཟེར་ འབུམ་གྱིས།ཡང་དག་བདེ་བའི་ལམ་བཟང་སྟོན་ཏེ།བྱང་ཆུབ་བར་དུ་ཁྱོད་ཀྱིས་སྐྱོང་མཛོད།མཁྱིན་ནོ་མཁྱེན་ནོ་དྲིན་ཆེན་བླ་མ།སྐྱེས་མཆོག་ཟླ་བའི་འོད་དཀར་མཁྱེན་ནོ།མཁྱིན་ནོ་མཁྱེན་ནོ་རྩ་བའི་བླ་མ།མི་བཤིག་རྡོ་རྗེའི་ཁྲི་ལ་བཞུགས་རོགས།མི་བཤིག་རྡོ་རྗེའི་ཁྲི་ལ་བཞུགས་རོགས།མི་བཤིག་རྡོ་རྗེའི་ཁྲི་ལ་བཞུགས་རོགས། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
བློ་བཟང་བོད་རྒྱ་དབྱིན་གློག་རྡུལ་ཚིག་མཛོད།
རྒྱ་ཆེ་བའི་དྲ་གྲོགས་ཚོའི་སྤྱན་ལམ་དུ་བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་སིས་གསར་གཏོད་བྱས་པའི་བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད་ཀྱི་ནང་དུ་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་ཆ་ཚང་༢༦་གི་ནང་དོན་བསྡུ་རུབ་བྱས་ཡོད་པ་དང༌། ལོ་རྒྱུས། བོད་སྨན། གཏམ་དཔེ། སྲོལ་རྒྱུན་གླུ་གར་བཅས་ཀྱི་ལེ་ཚན་རབ་དང་རིམ་པ་འཛོམས་པའི་ཚིག་མཛོན་ཆེན་མོ་་དེ་སྤྱི་ལོ་༢༠༠༩་ལོའི་ཟླ་༡་པོའི་ཚེས་༡་ནས་བཟུང་ བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་ཅིང་གཅིག་གྱུར་གོང་ཚད་དེ། རྒྱ་སྒོར་༡༡༩༩་ཡིན་པ་བཅས་།། ཐོན་རྫས་ཀྱི་ནུས་པའི་གསལ་བཤད། ༡ བོད་རྒྱ་དབྱིན་གསུམ་ཚིག་མཛོད་ཀྱི་ནུས་པ། བོད་རྒྱ་དབྱིན་གསུམ་ཚིག་མཛོད་ཆ་ཚང་༢༦་གི་ནང་དོན་བསྡུ་རུབ་བྱས་ཡོད་པ་དང༌།སྤྱིར་བཏང་གི་རིགས། ཚན་རྩལ་གྱི་རིགས། ཆོས་ལུགས་ཀྱི་རིགས་བཅས་གསུམ་དུ་དབྱེ་ཡོད། བོད་རྒྱ་དབྱིན་ཡིག་རིགས་གསུམ་ཡིག་བསྒྱུར་བྱེད་ཐུབ་པ་དང༌།ཚིག་མཛོད་མང་པོ་འཚོལ་ཞིབ་བྱེད་པའི་ནུས་པ་ཡོད། ༢ བོད་རྒྱ་དབྱིན་གློག་རྡུལ་དཔེ་དེབ་ཀྱི་ནུས་པ། སྣ་མང་གློག་རྡུལ་དཔེ་དེབ་༢༥་ཡི་ནང་དོན་ཚུད་པ་དང༌།བོད་ཡིག་སྣ་མང་དཔེ་དེབ་༡༢་ཀྱི་ནང་ལོ་རྒྱུས་དང་གྲགས་ཅན་མི་སྣ། ལེགས་བཤད། གཏམ་དཔེ། ཚིག་ཕྲད། བོད་སྨན། ནང་པའི་ཆོས་ལུགས།གྲགས་ཅན་གནའ་ཤུལ།སྲོལ་རྒྱུན་གཏམ་རྒྱུད་ལ་སོགས་པའི་ནང་དོན་ཚུད་ཡོད། རྒྱ་ཡིག་དཔེ་དེབ་༡༣་གྱི་ནང་ཐང་རྒྱལ་རབས་ཀྱི་སྙན་ངག སུང་རྒྱལ་རབས་ཀྱི་ཚིག ཡིག་གསུམ་ཆོས།ལྷ་སྒྲུང་གཏམ་རྒྱུད། སྐད་ཡིག གནའ་བོའི་ཡིག་རིགས། བསམ་བློའི་རིགས་གཞུང༌། རིག་གནས་ཚིག་མཛོད། རྒྱ་ནག་གི་ལོ་རྒྱུས། སྲོལ་རྒྱུན་རིག་གནས། རྒྱ་ནག་གི་སྒྱུ་རྩལ། རྒྱ་ནག་གི་འཛུགས་སྐྲུན་སྐོར་ལ་སོགས་པ་ཚུད་ཡོད། བེད་སྤྱོད་མཁན་གྱིས་གློག་རྡུལ་དཔེ་དེབ་འདིའི་རིགས་བརྒྱུད་ནས་བོད་ཀྱི་སྲོལ་རྒྱུན་རིགས་གནས་དང་མི་རིགས་གོམས་སྲོལ།ལོ་རྒྱུས་སོགས་ཤེས་རྟོགས་བྱེད་ཐུབ། ༣ ཡི་གེ་གཅིག་གི་འཚོལ་ཞིབ་ནུས་པ། གང་རུང་ཚིག་མཛོད་ཀྱི་འགྲེལ་བ་ལས་རྒྱུས་མེད་ཚིག་གསར་ཞིག་གིས་ཁེར་རྐྱང་འཚོལ་ཞིབ་བྱེད་པ་དང༌།ད་དུང་དངོས་མའི་སྒྲ་གདངས་ཐོན་པའི་ནུས་པ་ལྡན། ༤ བོད་རྒྱ་དབྱིན་MP3གཞས་ཚིག་མཉམ་དུ་ཐོན་པའི་ནུས་པ་ལྡན། ༥ སྐད་རིགས་མང་པོར་དངོས་མའི་སྒྲ་གདངས་ནུས་པ། བོད་རྒྱ་དབྱིན་དངོས་མའི་སྒྲ་གདངས་ལྡན་པ། ༦ སྐད་རིགས་མང་པོའི་གློག་ཀླད་ཡིག་རིགས་ཐག་གཅོད་ནུས་པ། WORDPADནང་དུ་བོད་རྒྱ་ཡིག་རིགས་འབྲི་ཐུབ་པའི་ནུས་པ་ལྡན་པར་མ་ཟད། ཉར་ཚགས་བྱེད་ཐུབ་པ་དང༌། USBབརྒྱུད་ནས་རང་མོས་ཀྱིས་རང་ཉིད་ཀྱི་གློག་ཀླད་ནང་བླུགས་ཏེ་ཐད་ཀར་བཟོ་བཅོས་དང་ལྕགས་པར་རྒྱག་ཐུབ་པ་མ་ཟད།བོད་ཡིག་གི་ཡིག་ཆའི་མིང་ལ་བོད་ཡིག་རང་གི་ཉར་ཚགས་བྱེད་ཐུབ། ༧ སློབ་སྦྱོང་བྱེད་པའི་ནུས་པ། རྒྱ་བོད་དབྱིན་གྱི་ཚིག་དང་བརྗོད་པའི་དྲན་ཤེས་ཀྱི་ནུས་པ།རྟོགས་དཀའ་བ་དང་ཉན་དཀའ་བའི་ཚིག་ཚོགས་དེའི་རིགས་བསྐྱར་བཟློས་སློབ་སྦྱོང་བྱེད་ཐུབ། ད་དུང་བོད་རྒྱ། རྒྱ་བོད། རྒྱ་དབྱིན།དབྱིན་རྒྱ། ཁ་སྐད་སློབ་སྦྱོང་བྱེད་ཐུབ། ༨…
སྐུ་ཡི་འཁྲུངས་སྐར།
ས་ཡི་གོ་ལ་འདིར་རྡུལ་ཕྲན་དང་རྫས་སྦྱོར་སོགས་ཀྱིས་་ནུས་པ་འགྲན་རྩོད་ཆེ་བའི་འཇིགས་སྐྲག་ཅན་གྱི་དུས་རབས་སུ། དམག་འཁྲུགས་སོགས་ཀྱིས་ཚེ་སྲོག་ས་ཡ་མང་པོ་འཕྲོག་ནས་འགྲོ་བ་རྣམས་ཀྱིས་རང་གི་ཚེ་སྲོག་འདི་སྐྱོབ་པའི་རེ་བའི་མིག་ཞགས་གཞི་ནས་ཞི་བདེ་དང་བྱམས་བརྩེ་་བསྐྲུན་མཁན་ཞིག་ལ་འཁོར། སྐབས་དེ་དང་བརྟུན་ནས་འཛམ་གླིང་འདིའི་འགྲོ་བ་རྣམས་ཀྱི་སྤྱི་མཐུན་གྱི་བསོད་ནམས་མགོ་སྐལ་དུ། ཞི་བདེ་དང་བྱམས་བརྩེ་འཚེ་བ་མེད་པའི་ཉི་མ་ཞིག་འདི་ནས་བགྲང་བྱ་བཅུ་ཕྲག་བདུན་སྔར་རོལ་གྱི་དེ་རིང་གི་ཉིན་འདིར་ཞི་བདེའི་འོད་སྣང་གི་འཛུམ་དང་བཅས་ཤར། དེ་ནས་བཟུང་འཛམ་གླིང་ཤར་ནུབ་གང་སར་ཞི་བདེ་དང་འཚེ་བ་མེད་པའི་འོད་སྣང་ཇི་གསལ་ནས་ཇི་གསལ་དུ་ཕྱིན་ཏེ་མི་རྣམས་བདེ་སྐྱེད་ཀྱི་དཔལ་ལ་རོལ་འགོ་རྩོམ་ཞིང་། བསམ་ཤེས་ཅན་གྱི་མི་སྣ་མི་ཉུང་བ་ཞིག་གིས་གང་ཉིད་འཛམ་གླིང་ཞི་བདེའི་དེད་དཔོན་དུ་བཀུར་ཞིང་ཆེས་སྟོད་ཀྱི་གཟེངས་རྟགས་གྲངས་མེད་ཕུལ་ནས་འཛམ་གླིང་འདིར་ཞི་བདེ་ཕྱོགས་སུ་ཁ་ལོ་བསྒྱུར་བཞིན་ཡོད། དེ་ཡང་ནང་སེམས་ཀྱི་གནས་ལུགས་ཐབས་ཚུལ་དུ་མས་གཏན་ལ་འབེབས་ཏེ་ཉེས་པ་ཐམས་ཅད་ཀྱི་རྩ་བ་ནང་གི་དགྲ་བོ་ཞིག་ཡོད་པ་ར་སྤྲོད་གནང་ཡོད་ཅིང་། གསུང་གི་ཆུ་ཐིག་རེ་རེས་ཚུན་ཆད་ཡང་ནང་གི་དགྲ་བོ་བཅོམ་ཐབས་ཀྱི་བདུད་རྩིར་ངེས་པས་འགྲོ་བ་ལ་ཕན་བདེ་བླ་མེད་བསྐྲུན་ཡོད། མདོར་ན་དེ་རིང་གི་དུས་ཚོད་ནི་ང་ཚོས་ཆེས་དགའ་སྤྲོད་ལྡན་པའི་དུས་བཟང་ཞིག་ཡིན་ལ་ནམ་ཡང་དྲན་གསོ་དང་བརྩེ་སྲུང་ཞུ་དགོས་པའི་ཉིན་མོ་གཅིག་ཀྱང་ཡིན་ནོ། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
མོན་གྷོ་གཞིས་ཆགས་ནང་ཕག་པ།
ཁ་སང་༸གོང་ས་མཆོག་གི་འཁྲུངས་སྐད་ཉིན་ང་རང་མོན་གྷོ་ས་གནས་ཀྱི་མི་མང་ཚོས་དུས་རྒྱུན་བསངས་གསོལ་བྱེད་སའི་ནོར་བུ་རིར་བསངས་སྲོལ་ལ་ཕྱིན་ནས་ཚུར་ལོག་ཡང་སྐབས། ལམ་ཟུར་གྱི་མི་ཚོའི་སྐད་ཆའི་ནང་དེང་སང་གཞིས་གྲོང་གསུམ་པའི་གསེང་ལམ་དུ་ཕག་པ་ཁ་ཤས་འདུག་ཟེ་ལབ་གྱི་འདུག །དེ་དུས་ངའི་དྲན་ངོས་སུ་ཉིན་ཤས་སྔོན་ངོས་རང་འབྲས་སྤུངས་ཀྱི་གསེང་ལམ་དུ་འགྲོ་བའི་སྐབས་ཤིག་རྒྱབ་ཕྱོགས་ནས་ཕག་པ་ཞིག་རྒྱུགས་ཡོང་ནས་ཁྱི་གཅིག་དེད་ནས་ཕྱིན་སོང་། དེ་དུས་གྲྭ་པ་ཚོས་ཟེར་ཡག་ལ་འབྲས་སྤུངས་བློ་གསལ་གླིང་གི་ཨམ་སྡོང་གི་ཚལ་ནང་ཕག་པ་ཁ་ཤས་འདུག །དེ་ཚོ་ཕལ་ཆེར་རི་ནས་ཡོང་ནས་ཕར་མ་ལོག་པའི་རི་ཕག་དེ་འདྲ་མིན་འགྲོ་ཞེས་ལབ་སོང་།ང་རང་ལ་ཡང་ཨ་ལེ་བསམས་པ་མ་གཏོགས་དོགས་པ་གང་མི་བྱུང་བ་དྲན་བྱུང་།ཡང་ལམ་ཟུར་གྱི་མི་ཞིག་གིས་གཞིས་གྲོང་གསུམ་པའི་ཕག་པ་དེ་ཚོ་རྒྱ་གར་ཡུལ་མིས་གཡུགས་པ་རེད། ཅེས་དང་། ཡང་ཁ་ཅིག་གིས་རྒྱ་གར་ཡུལ་མི་དེ་ཚོས་ཕག་ནད་མེད་འགྲོ་སྙམ་ནས་ཉར་མི་ཕོད་པར་བོད་པའི་སྤྱི་ཚོགས་ནང་གཡུགས་པ་རེད་ཟེར། ཡང་ངའི་བསམ་པར་ཡང་ན་རྒྱ་གར་ཡུལ་མི་དེ་ཚོས་གསོ་མི་དགོས་པར་ཕག་ཤ་ཟ་སྙིང་འདོད་ནས་བོད་པའི་སྤྱི་ཚོགས་ནང་གློད་པ་ཡིན་ནམ་ཡང་མིན་ན་བོད་པ་དང་ཁ་ཆེ་བར་གཅིག་གཟོ་བསམ་པ་མིན་འགྲོ་སྙམ། ཡང་བོད་མི་གཅིག་གིས་གཞིས་གྲོང་གསུམ་པར་སླེབས་པའི་ཕག་པ་ཁ་ཅིག་ལ་ཕག་ཕྲུག་ཡང་གསར་དུ་སྐྱེས་ཤག་ལབ་སོང་། དེ་དུས་ང་རང་བློ་བདེ་པོ་མ་བྱུང་། གང་ཡིན་ཟེར་ན། སྤྱིར་བཏང་swine flu ཕག་འཆམ་ཡོད་པའི་ཕག་པ་ཞིག་བོད་པའི་སྤྱི་ཚོགས་ནང་གཡུགས་པ་ཡིན་ན་བརྒྱ་དཔོན་དང་གཞིས་མགོ་འཕྲོད་བསྟེན་སོགས་ཀྱིས་ཞིབ་འཇུག་བྱ་དགོས་ངེས་ཡིན་ན་ཡང་། ཁོང་ཚོའི་དོ་སྣང་མ་བྱས་པར་ད་ཆ་ཕག་པ་སླེབས་ནས་ཕག་ཕྲུག་ཡང་སྐྱེས་ཚར་ཡོད་འདུག བྱེ་བྲག་ཏུ་ང་ཚོའི་བཙན་བྱོལ་དུ་སླེབས་པའི་ཐོག་མར་བོད་མིའི་ནང་ཕག་པ་གསོ་མཁན་བྱུང་ཡོད་ནའང་། དེའི་ཚེ་༸གོང་ས་མཆོག་གཙོ་གྱུར་གྱིས་སྐྱེས་བུ་དམ་པ་ཚོས་བཀའ་སློབ་ཡང་ཡང་ཕེབས་པ་ལས་དེང་སང་བོད་མི་གཞིས་སྒར་ག་པར་ཡིན་ནའང་ཕལ་ཆེར་ཕག་པ་མཐོང་རྒྱུ་མེད་པ་དེ་ང་ཚོའི་གཟི་བརྗིད་དང་སྤོབས་སྐྱེས་འོས་ལྟ་བུར་ཡོད། ད་ཆ་བོད་མིའི་སྤྱི་ཚཽགས་ཞིག་གི་ནང་རྒྱ་གར་ཡུལ་མིས་གློད་པའམ་རི་ནས་ཡོང་བ་གང་ལྟར་ཡང་ཕག་པ་དང་ཕག་ཕྲུག་དེ་ཚོར་བདག་པོ་མ་རྒྱག་པར་བོད་མི་གཞིས་སྒར་ནང་གློད་བཞག་དུས།ཕྱི་མི་དེ་ཚོས་གཞིས་གྲོང་གི་གསེབ་ཕག་མཐོང་དུས་བོད་མི་ཟེར་བ་དེ་ཕག་པ་གསོ་མཁན་ཞིག་རེད་སྙམ་རྒྱུ་རེད་ལ། དོན་དག་གང་ཡང་མེད་པར་རྒྱ་གར་ནང་ཡོད་པའི་ཁ་ཆེ་དེ་ཚོས་ཀྱང་ག་རེ་དྲན་ཡོང་ཧ་གོ་ཡག་མིའདུག །དེས་ན་ཕག་པ་དེ་ཚོ་ལ་ཞིབ་འཇུག་དང་འགན་ཁུར་དགོས་ཀྱི་འདུག་སྙམ། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།