ཕྱི་ལོ་ ༢༠༡༡ ལོའི་བཙན་བྱོལ་བོད་མིའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ནང་ཞུགས་མཁན་ཁྱོན་སློབ་གྲྭ་ ༢༨ ཙམ་ཡོད་པའི་ནང་། ཐེངས་འདིའི་ཡིག་རྒྱུགས་ནང་ཞུགས་ཆོག་པའི་སློབ་མ་གྲངས་ ༡༨༧༩ དང་། དངོས་སུ་ཡིག་རྒྱུགས་ཀྱི་ཆ་ཤས་ལེན་མཁན་ ༡༨༦༤ ཡོད་པའི་ཁྲོད། སློབ་ཕྲུག་བུ་ ༩༣༥ དང་བུ་མོ་ ༩༢༩ ཙམ་བྱུང་འདུག ཡིག་རྒྱུགས་འཕྲོད་མཁན་ ༡༨༤༤ ཙམ་བྱུང་ཡོད་པ་དང་། ཡིག་རྒྱུགས་འཕྲོད་མེད་མཁན་ ༢༠། ཡིག་རྒྱུགས་གཏོང་མ་ཐུབ་མཁན་ ༡༡ བཅས་རེད། ད་ལོའི་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༨།༩༣ ཡིན་པ་དང་། སྔར་ལོའི་བརྒྱ་ཆ་ ༩༡།༤༤ དང་བསྡུར་ན་མཐོ་རུ་ཕྱིན་ཡོད་པ་རེད། འདི་ལོར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ནང་ཨང་དང་པོ་ཐོབ་མཁན་ནི། ཀོ་ལི་སྒར་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་དབང་ཕྱུག་དང་། སིམ་ལ་གཏན་སློབ་ཀྱི་སློབ་མ་པཱ་ར་ཌེ་བྷ་ཇཱ་སི་ཝ། སི་ལ་ཀོ་བོད་ཁྱིམ་གྱི་བསྟན་འཛིན་དཔལ་སྒྲོན། སྦེལ་ཀོབ་གཏན་སློབ་ཀྱི་བསྟན་འཛིན་ནོར་འཛོམས་སོགས་ཡིན་ཞིང་། ཁོང་ཚོར་ཐེངས་འདིའི་ཡིག་རྒྱུགས་ནང་སྐར་གྲངས་བརྒྱ་ཆ་ ༡༠༠ རེ་ཐོབ་ཡོད་འདུག ཨང་གཉིས་པ་ཐོབ་མཁན་དག་ནི། མ་སུ་རི་བོད་ཁྱིམ་གྱི་སི་ཕན་ཌན་རོ་ཊི་དང་། སི་ལ་ཀོ་བོད་ཁྱིམ་གྱི་བསྟན་འཛིན་ཀུན་ཁྱབ། སི་ལ་ཀོ་བོད་ཁྱིམ་གྱི་བསྟན་འཛིན་ལྷ་མཚོ། སྦེལ་ཀོབ་གཏན་སློབ་ཀྱི་བསྟན་འཛིན་དབང་ཕྱུག་བཅས་རེད། ཁོང་ཚོའི་ཡིག་རྒྱུགས་ཀྱི་སྐར་གྲངས་བརྒྱ་ཆ་ ༩༨།༢ རེ་ཐོབ་འདུག འདི་ལོར་འཛིན་རིམ་བཅུ་པའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་ཞུགས་མཁན་གྱི་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་ལ་གྲུབ་འབྲས་ཆེན་པོ་བྱུང་ཡོད་པ་མ་ཟད། སློབ་གྲྭ་ཁག་ ༢༠ ཙམ་གྱིས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ རེ་ལོན་ཡོད་པ་དང་། སློབ་གྲྭ་དེ་དག་ནི། ཅན་ཌིར་གྷ་རི་ཉིན་སློབ་དང་། སུ་ཇ་བོད་ཁྱིམ།…
བྷ་བྷ་རམ་དེ་ཝི་ཡི་ཟས་བཅད།
རྒྱ་གར་གྱི་རྩ་རླུང་རྣལ་འབྱོར་བ་བྷ་བྷ་རམ་དེ་ཝི་ཡིས་གཞུང་དངུལ་སྐོག་ཟ་རྩད་ཞིབ་དགོས་པའི་ཟས་བཅད་ངོ་རྒོལ་འགོ་བཙུགས་འདུག རྒྱ་གར་གཞུང་གི་བློན་ཆེན་ཚོས་གཞུང་དངུལ་སྐོག་ཟ་རྩད་ཞིབ་འདོད་བློ་ཁེངས་པ་མ་བྱས་པའི་རྗེས། ཉིན་ལྟར་མི་མང་བྱི་བ་མང་པོར་བརྙན་འཕྲིན་ནང་སྟོན་བཞིན་པའི་རྣལ་འབྱོར་པ་རམ་དེ་ཝི་ཞུ་བས་མ་ཤི་བར་དུ་ཟས་བཅད་ངོ་རྒོལ་གནང་རྒྱུ་འགོ་བཙུགས་བྱས་འདུགབྷ་བྷ་རམ་དེ་ཝི་ཡི་འདོད་པ་ལ་རྒྱ་གར་གཞུང་གིས་དངུལ་ནག་པོ་༼སྐོག་རྔན་སྤྲད་པར་དོགས་པའི་ཕྱི་རྒྱལ་དངུལ་ཁང་གི་account ཐོ་བྱང་ནང་ཡོད་པ་དེ་ཚོ་༽ རྣམས་ཕྱིར་ལོག་ཐུབ་པ་དགོས་འདུག ཁོང་གིས་མ་ཤི་བར་དུ་གཞུང་དངུལ་སྐོག་ཟ་བྱས་པར་ངོ་རྒོལ་བྱེད་རྒྱུ་དང་། རྒྱལ་ཁབ་འདིའི་མི་མང་རྣམས་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཁོང་ཚོར་ད་ལྟ་རང་གཞུང་གིས་ཞིབ་འཇུག་ལག་བལྟར་བྱེད་དགོས་ཡོད་ཟེར། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
ལག་འཁྱེར་ཁ་པར་སོགས་ཀྱི་ནང་བོད་སྐད་རླུང་འཕྲིན།
ཨ་ཡེ་ཕོན་དང་ཨ་ཡེ་པེཊེ་དང་ཨེན་ཌོའི་ཊེ་Android མཉེན་ཆས་ཅན་གྱི་ཁ་པར་སོགས་བེད་སྤྱོད་བྱ་མཁན་རྣམས་ལ། གལ་ཏེ་ཁྱེད་རྣམ་པས་ Tunein Radio ཞེས་པའི་མཉེན་ཆས་དེ་སོ་སོའི་གློག་ཆས་ནང་བཅུགས་གནང་ན། བོད་སྐད་རླུང་འཕྲིན་ཁག་ཐད་ཀར་གསན་ཐུབ་ཀྱི་འདུགདེ་ཡང་མཉེན་ཆས་དེའི་ནང་ཞུགས་པའི་རྗེས། RFA 4 ཞེས་པའི་མིང་བྱང་ཐོག་བོད་སྐད་ཀྱི་ཨེ་ཤེའི་རང་དབང་རླུང་འཕྲིན་དང་། Voice of America Tibetan ཞེས་པའི་མིང་བྱང་ཐོག་བོད་སྐད་ཀྱི་ཨ་རིའི་རྒྱང་སྲིད་རླུང་འཕྲིན་གསན་ཐུབ་ཀྱི་འདུག་ལ། འཚོལ་སའི་ནང་tibetan བྲིས་ནས་བཙལ་ན་བོད་ནང་གི་བོད་སྐད་རླུང་འཕྲིན་དེ་འདྲ་ཉན་ཐུབ་ཀྱི་འདུག གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
གསར་འགྱུར་ཁག་གསུམ།
ཡུ་ཕེ་ཨ་རྐང་སྤོལ་རྩེད་འགྲན་གྱི་ཐ་མའི་རྒྱལ་ཁ་བྷར་སི་ལོ་ན་ལ་མེན་ཅེ་སེ་ཊར་་ཡུ་ནི་ཊེ་ལག་པ་ནས་༣ དང་ ༡ གིས་ཐོབ་ཡོད་འདུག ཉེ་ཆར་འཇར་མ་ནིའི་ནང་མི་༡༣ ཐམ་པ་ཀ་ཀ་རི་ཟོས་པའི་རྐྱེན་འདས་སུ་སོང་བས། འཇར་མན་གཞུང་གིས་ནད་འབུ་དེ་དག་གི་འབྱུང་ཁུངས་རྩད་མ་ཆོད་བར་ཀ་ཀ་རི་ཟ་རྒྱུ་མེད་པའི་ཉེན་བརྡ་བཏང་འདུག རྒྱ་གར་ཨ་སྨ་མངའ་ཁུལ་དུ་ཆང་སར་བསྐྱོད་མཁན་གྱི་འགྲུལ་འཁོར་ཞིག་ཟམ་པའི་སྟེང་ནས་ཟགས་པ་ལས་མི་གྲངས་༢༥ འདས་གྲོངས་སུ་གྱུར་འདུག གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།
ལྗི་༨ G8 བཀའ་གྲོས།
ཧྥ་རེན་སིར་ཡོད་པའི་མཛེས་ལྗོངས་ཌེའུ་ཝིལ་ལེ་ཞེས་པའི་གྲོང་ཁྱེར་དུ་འཛམ་གླིང་ཐོག་གི་དཔོན་རིགས་རྣམས་ལྗི་༨ ཞེས་པའི་འབྱོར་ལྡན་རྒྱལ་ཁབ་ཚོའི་ཚོགས་སྡེ་དེའི་བཀའ་གྲོས་གནང་ཆེད་འཛོམས་གནང་འདུག ད་ཐེངས། ༡ ཨ་རབ་ཀྱི་སྒེར་ལངས་༼ལི་བྷི་ཡ་སོགས་༽དང་། ༢ ཉི་ཧོང་གི་རྡུལ་ཕྲན་འཛགས་པའི་ཐད་བཀའ་གྲོས་གནང་གི་ཡོད་འདུགལྗི་༨ ནི་ཨ་མི་རི་ཀ ཨུ་རུ་སུ། དབྱིན་ཇི། ཧྥ་རེན་སི། འཇར་མ་ནི། ཨེ་ཊ་ལི། ཉི་ཧོང་། ཁེ་ན་ཌ་བཅས་ལས་སྒྲུབ་པའི་ཚོགས་པ་ཞིག་ཡིན། གྲོགས་པོ་ཚོས་སྐྱ་རེངས་དྲ་ཚིགས་ཐོག་ཏུ་ཡང་ཕེབས་ནས་རྩོམ་ཡིག་གནང་རོགས།